Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero

Explanation of the Tantra's source རྒྱུད་ཀྱི་ཁུངས་བཤད་པ།

Explanation of the actual way to practice ཉམས་སུ་ལེན་ཚུལ་དངོས་བཤད་པ།

  1. The support for practicing it གང་གིས་ཉམས་སུ་ལེན་པའི་རྟེན།
  2. The place in which to practice it གང་དུ་ཉམས་སུ་ལེན་པའི་གནས།
  3. The way in which to practice it ཇི་ལྟར་ཉམས་སུ་ལེན་པའི་ཚུལ།
    1. What to do during the session ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ།
      1. What to do at the beginning of the session ཐུན་གྱི་འགོར་ཇི་ལྟར་བྱ་བ།

        1. Common preliminaries སྤྱིའི་སྔོན་འགྲོ།
          1. Refuge and bodhicitta from within a special virtuous mind
            དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ་བ།
          2. Supplications to the lineage བརྒྱུད་པའི་གསོལ་འདེབས་བྱ་ཚུལ།
        2. Specific preliminaries ཁྱད་པར་གྱི་སྔོན་འགྲོ།
          1. Instantaneous self-generation
          2. Blessing the inner offerings ནང་མཆོད་བྱིན་གྱིས་བརླབ་པ།
          3. Blessing the preliminary offerings སྔོན་འགྲོའི་མཆོད་པ་བྱིན་གྱིས་བརླབ་པ།
          4. Offering the preliminary offerings and torma སྔོན་འགྲོའི་མཆོད་གཏོར་འབུལ་བ།
          5. Blessing the offerings for the self-generation
            བདག་བསྐྱེད་ཀྱི་མཆོད་པ་བྱིན་གྱིས་བརླབ་པ།
      2. What to do during the actual session དངོས་གཞི་ལ་ཇི་ལྟར་བྱ་བ།

        1. How to perform the yoga of taking death as the Dharmakaya together with the preliminary branches of the sadhana
          འཆི་བ་ཆོས་སྐུར་འཁྱེར་བའི་རྣལ་འབྱོར་སྒྲུབ་ཐབས་ཀྱི་སྦྱོར་བའི་ཡན་ལག་དང་བཅས་པ་བྱ་བའི་ཚུལ།

          1. Inviting the merit field and accumulating the collections
            ཚོགས་ཞིང་སྤྱན་དྲངས་ནས་དེ་ལ་ཚོགས་གསོག་པ།
          2. Explanation of taking death into the path as the Dharmakaya
            འཆི་བ་ཆོས་སྐུའི་ལམ་འཁྱེར་བཤད་པ།
          3. Generating the mandala of the four elements and meditating on the protection wheel འབྱུང་བཞིའི་དཀྱིལ་འཁོར་བསྐྱེད་ཅིང་སྲུང་འཁོར་བསྒོམ་པ།
        2. How to generate the celestial mansion (the place where one attained enlightenment) and then generating the resultant Vajradhara (the yoga of taking the bardo as the Sambhogakaya)
          གང་དུ་འཚང་རྒྱ་བའི་གནས་རྟེན་གཞལ་ཡས་ཁང་བསྐྱེད་དེ།
          བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའི་ཚུལ།

          1. How to generate the the celestial mansion with the seat (the place where one attained enlightenment)
            གང་དུ་འཚང་རྒྱ་བའི་གནས་རྟེན་གཞལ་ཡས་ཁང་གདན་བཅས་བསྐྱེད་པའི་ཚུལ།
          2. How to generate the resultant Vajradhara (the yoga of taking the bardo as the Sambhogakaya)
            བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའི་ཚུལ།
        3. How to generate the resultant Vajradhara (the yoga of taking birth as the Nirmanakaya) and blessing the sources, body, speech, and mind, and so forth
          སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་དེ། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་བརླབ་སོགས་བྱ་ཚུལ།

          1. The actual generation of the resultant Vajradhara
            འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པ་དངོས།
          2. Blessing the sources, body, speech, and mind
            སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ།
          3. How to summon the wisdom beings, bestow empowerment, and sealing
            ཡེ་ཤེས་པ་འགུག་ཅིང་དབང་བསྐུར་རྒྱས་གདབ་པའི་ཚུལ།
        4. How to perform the offerings, praises, and so forth
          མཆོད་བསྟོད་སོགས་བྱ་བའི་ཚུལ་ལོ།

          1. Performing the offerings and praises མཆོད་བསྟོད་བྱ་བ།
          2. How to take to mind the visualisation of the coarse and subtle generation stage
            བསྐྱེད་རིམ་ཕྲ་རགས་ཀྱི་དམིགས་པ་ཡིད་ལ་བྱ་ཚུལ།
          3. Recollecting purity and performing recitation དག་པ་དྲན་ཅིང་བཟླས་པ་བྱ་བའི་ཚུལ།
      3. What do do at the end of the session མཇུག་ཏུ་ཇི་ལྟར་བྱ་བ།

        1. Offering the torma གཏོར་མ་འབུལ་བ།
        2. Thanksgiving and requesting to depart གཏང་རག་གཤེགས་གསོལ་བྱ་བ།
        3. Making prayers སྨོན་ལམ་གདབ་པ།
        4. Dissolution ཉེར་བསྡུ་བྱ་བ།
        5. Expressing auspiciousness ཤིས་པ་བརྗོད་པ།
    2. What to do during the breaks ཐུན་མཚམས་སུ་ཇི་ལྟར་བྱ་བ།

སྤྱིར་དེ་ལྟར་བསྐྱེད་རིམ་པ་ཐུན་བཞིར་བསྒོམ་པས་སྐྱེ་ཤི་བར་དོ་གསུམ་སྦྱངས་ཏེ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་དང་། གཞན་ཡང་ཚེ་རབས་ཐམས་ཅད་དུ་ལྷག་པའི་ལྷས་རྗེས་སུ་འཛིན་པ་དང་། བདུད་ཀྱི་བར་ཆད་ཀྱི་དབང་དུ་མི་འགྱུར་བ་དང་། ཚོགས་གཉིས་རྫོགས་པ་དང་། ལས་ཀྱི་སྒྲིབ་པ་དག་པར་བྱེད་པར་གསུངས་ཤིང་།
In general, through meditating on the Generation Stage in four sessions, birth, death, and the intermediate-state are purified, which becomes the ripener for the Completion Stage; also, one will be cared for by supreme deities in all lifetimes, one will not fall under the power of the hindrances of maras, one will complete the two collections, and one will purify karmic obscurations.

བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པའི་འབྲས་བུ་དངོས་གྲུབ་རང་དང་ཡུལ་འཁོར་དང་གང་ཟག་གཞན་གྱི་ནད་གདོན་ཉེར་འཚེ་ཞི་བ་དང་། ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། མཁོ་དགུའི་ཕུན་ཚོགས་དབང་དུ་བསྡུ་བ་དང་། བསྟན་པ་ལ་གནོད་པའི་གནོད་བྱེད་ཚར་གཅོད་པའི་ལས་རྣམས་བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པ་ཡིན་ན་བསམ་གཏན་ཙམ་གྱིས་འགྲུབ་པ་དང་། དེ་ལྟ་མིན་ནའང་བསྐྱེད་རིམ་རགས་པ་ཙམ་མཐར་ཕྱིན་པའམ་དེ་མཐར་མ་ཕྱིན་ཀྱང་ལྷའི་རྣལ་འབྱོར་བརྟན་ཞིང་བསྙེན་པ་ཚད་དུ་འཁྱོལ་བས་སྦྱིན་སྲེག་དང་འཁྲུལ་འཁོར་སོགས་ལ་བརྟེན་ནས་བསྒྲུབ་པའི་ཚུལ་དངོས་གྲུབ་ཆུང་ངུ་དང་། གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་བསྒྲུབ་པ་ན་དངོས་གྲུབ་འབྲིང་དང་། དངོས་གྲུབ་མཆོག་ནི་བསྐྱེད་རིམ་ཕྲ་རགས་གང་རུང་མཐར་ཕྱིན་ནས་རྫོགས་རིམ་རྣལ་འབྱོར་བཞིའི་རིམ་པ་ཉམས་སུ་བླངས་པ་ལ་བརྟེན་ནས་ཁྱབ་བདག་འཇམ་དཔལ་རྡོ་རྗེའི་གོ་འཕང་མཆོག་ཐོབ་པར་འགྱུར་བ་ཡིན་ནོ།
Regarding the siddhis that are the results of completing the coarse and subtle Generation Stage:


Up a level: Tantra