Blessing the offerings for the self-generation
རང་གི་མདུན་དུ་སྟེགས་ཀྱི་ཁར་ཆུ་གཉིས་ཉེར་སྤྱོད་རང་གི་གཡས་ངོས་ནས་འགོ་བརྩམས་ཏེ་བཤམས།
In front of yourself, on an altar, arrange the two types of water and the [five] secondary offerings, starting from your right side.
བསངས་སྦྱངས་བསྐྱེད་པ་བྱིན་གྱིས་བརླབ་པ་རྣམས་སྔོན་འགྲོའི་མཆོད་པའི་སྐབས་དང་འདྲ།
The cleansing, purifying, generation, and blessing [of the offerings] are the same as in the section on preliminary offerings.
སྐབས་འདིར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་དུ་མི་འགྱུར་ལ། འོན་ཀྱང་ལས་དང་པོ་པ་ལ་སྡིག་སྒྲིབ་སྦྱོང་བའི་ཕྱིར་བྱེད་པ་གལ་ཆེ་བས། དེའི་ཚུལ་ནི་བཅུ་གསུམ་མའི་སྒྲུབ་ཐབས་སོགས་གཞན་ནས་འབྱུང་བ་ལྟར་བྱ་ཞིང་། འདིར་ཡི་གེ་མངས་སུ་དོགས་ནས་མ་བཀོད་ལ།
At this point, even if one does not perform the meditation and recitation of Vajrasattva, it does not become a fault of an incomplete ritual. However, because it is important for beginners to practice it for the sake of purifying negative karma and obscurations, the procedure for this should be done according to what is found in other texts, such as the sādhana of the Thirteen-Deity. I have not elaborated on it here for fear of the text becoming too long.
གང་ལྟར་ཡང་སྒོམ་བཟླས་བྱེད་པའི་བདུད་རྩི་འབེབས་སྦྱང་གི་སྐབས་རང་འཇིགས་བྱེད་དུ་གསལ་བའི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་དབུས་སུ་རང་ཉིད་ཐ་མལ་པའི་རྣམ་པ་ཅན། དེའི་མཐའ་སྐོར་དུ་སེམས་ཅན་འཁོད་པར་མོས་ལ། སྡིག་སྒྲིབ་སྦྱངས་པའི་དམིགས་པ་བྱ་ཞིང་།
In any case, during the time of causing the nectar to descend and purification through meditation and recitation, visualise oneself as Vajrabhairava; on a moon seat at the heart, oneself in ordinary form is seated in the middle surrounded by all sentient beings. Engage in this visualisation for purifying negative karma and obscurations.
དེ་ཡང་སྐྱབས་འགྲོ་སེམས་བསྐྱེད་བྱེད་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་བསྐྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། སྤྱི་བོར་རྡོར་སེམས་ཡབ་ཡུམ་བསྒོམས་ཏེ་གཟུངས་སྔགས་བཟླ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཕྱིན་ཆད་སྡིག་པ་དེ་ལྟ་བུ་ནམ་ཡང་མི་བྱེད་དོ་སྙམ་པའི་སྡོམ་སེམས་བསྐྱེད་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་བཞི་ཚང་བར་བྱེད་པ་གནད་ཀྱི་དོན་ཏོ།
Moreover, it is essential to have the four power complete:
- Taking refuge and generating bodhicitta is the power of the support
- Generating intense regret for past misdeeds, like having swallowed poison, is the power of regret.
- Visualising Vajrasattva and his consort at the crown of your head and reciting the dhāraṇī mantra is the power of the antidote
- Resolving never again to commit such negative deeds is the power of restraint.
Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero