Dissolution

དུར་ཁྲོད་བསྲུང་འཁོར་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་རང་ལ་ཐིམ། ཞེས་པ་ནས། རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གྱུར་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཅེས་པའི་བར་གྱི་ཉེར་བསྡུ་བྱེད། དེ་ལྟར་བསྒོམས་པས་རྫོགས་རིམ་གྱི་སྐབས་སུ་རླུང་ཐམས་ཅད་བསྒོམ་སྟོབས་ཀྱིས་སྙིང་གར་ཐིམ་པའི་འོད་གསལ་འཆར་བ་དང་། དེ་ལས་སྒྱུ་མའི་སྐུར་ལྡང་བ་སོགས་ཀྱི་དགེ་རྩ་སྨིན་བྱེད་དུ་འགྱུར་རོ།

དེ་ཡང་བསྙེན་པའི་སྐབས་དང་བགེགས་ཀྱི་བར་གཅོད་ཧ་ཅང་ཆེ་བའི་སྐབས་བསྲུང་འཁོར་མི་བསྡུ་བ་དམ་པ་གོང་མའི་ཕྱག་ལེན་ཡིན་པས་དུར་ཁྲོད་གཞལ་ཡས་ཁང་ལ་ཐིམ་ཞེས་སོགས་སྦྱོར་ཚུལ་ཤེས་པར་བྱའོ།


Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero