The place in which to practice it
དུར་ཁྲོད་དམ། ཤིང་གཅིག་གམ། མཚན་མ་གཅིག་པའམ། བཞི་མདོ་སོགས་དགོས་པར་གསུངས་ཀྱང་།
ད་ལྟ་ལས་དང་པོ་པས་ཡིད་དང་མཐུན་པའི་གནས་སུ་བསྒྲུབ་པ་ལེགས་པས་གནས་དེ་ཉིད་དུར་ཁྲོད་སོགས་སུ་མོས་ནས།
It is said that a cemetery, or a solitary tree, or a [temple with] a single sign, or a four-way crossroad, and so forth are necessary. However, these days, it is good for beginners to practice in a place conducive for the mind and therefore can imagine that place as being a cemetery and so forth.
དེར་སྐྱང་ནུལ་སོགས་བྱི་དོར་བྱས་ལ། ཡི་དམ་གྱི་སྐུ་བརྙན་བྲིས་སྐུའི་རྟོག་པ་ནས་འབྱུང་བ་ལྟར་མཚན་ཉིད་དང་ལྡན་པ་བསྒྲུབ་སྟེ་བཀྲམ་པའི་མདུན་དུ།
སྟེགས་ཀྱི་ཁར་ཡི་དམ་གྱི་གཏོར་མ་སྙིང་གཟུགས་ཅན་ལ་རྩི་དང་རྒྱན་སྤྲས་གང་ལེགས། འབྱོར་ན་མཐར་ཤ་དང་ཉ་ཤ་ཁུར་བ། འབྲས་ཆན་སྲན་མ་བཙོང་སྒོག
ཆུ་ཆང་འོ་མ་སོགས་སྣོད་སོ་སོར་བཤམས་པའམ། ཤ་སོགས་གོང་བུའི་རྫས་རྣམས་སྣོད་གཅིག་དང་། ཆང་སོགས་བཏུང་བའི་རྫས་རྣམས་སྣོད་གཅིག་ཏུ་བཤམས་ལ།
It should be cleaned, through plastering and so forth. One should arrange a representation of the yidam (an image possessing the correct characteristics as described in the ritual manuals for paintings) and in front upon a platform, one should place the yidam's torma that is shaped like a heart and is beautifully coloured and ornamented. If possible, around that place meats, fish-meat, cakes, cooked rice, beans, onions, garlic, water, alcohol, milk, and so forth, in individual vessels. Alternatively, the solid substances like meat van be placed in one vessel and the liquid substances like alcohol in another.
དེའི་གཡས་སུ་ཕྱོགས་སྐྱོང་གི་གཏོར་མ་ཟླུམ་གཏོར་གཤོག་པ་བཞི་ཅན། གཡོན་དུ་ལས་གཤིན་གྱི་གཏོར་མ་དམར་གཏོར་ཟུར་གསུམ་རྒྱན་ཅན།
མཐར་ཤ་སོགས་ཀྱིས་བསྐོར་བ། མདུན་དུ་སྔོན་འགྲོའི་གཏོར་མ་ཕྱོགས་སྐྱོང་གི་གཏོར་མ་འདྲ་བ།
མཐའ་སྐོར་དུ་བཅད་ཁམ་བཅད་ཁ་ཕྱིར་བསྟན་པས་སྣོད་ཀྱི་ནང་བར་མཚམས་མེད་པར་ཁེངས་པར་བྱེད་དགོས་པ་ཕྱག་ལེན་ཡིན།
To the right, place the torma for the directional protectors, which is circular and has four "wings." To the left, place the torma for the Lord of Death, which is a red triangular one with ornaments. Surround those with the meat and other substances. In front, place the preliminary torma, which is similar to the one for the directional protectors. It is customary that the outer perimeter must be filled with pieces, with the cut sides facing outwards, ensuring there are no gaps in the vessel.
སྟེགས་གཞན་དུ་མཁའ་འགྲོ་སྤྱི་གཏོར་བྱེད་ན་དེ་དང་། གཞི་བདག་གཏོར་མ། བགེགས་གཏོར་རྣམས་ཀྱང་བཤམས།
If performing the general torma for the ḍākinīs, arrange that on a separate platform, along with the offerings for the local deities and the obstructor tormas.
འོག་ནས་འབྱུང་བ་ལྟར་མཆོད་རྫས་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། རང་ཉིད་བྲིས་སྐུ་དང་ཞལ་སྤྲོད་དུ་རོ་གདན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་རྡོ་རྗེ་སྐྱིལ་ཀྲུང་གིས་འཁོད་དེ། ལུས་གཅེར་བུ་ཕྱུངས། རང་སྐྲའམ་བཅོས་མའི་སྐྲ་གྲོལ། འདི་དག་དངོས་སུ་མ་གྲུབ་ཀྱང་རུང་ལ།
Collect all the necessary ritual substances and implements as described below. Seated in front of and facing the painted image upon a corpse-seat, remain in the full vajra posture with the body held in the seven-point posture of Vairocana. Be naked and let your own hair or hair extensions hang loose. It is fine even if these cannot be actually be accomplished.
ཁ་ལྷོ་རུ་ཕྱོགས་པའམ་གནས་ཁང་གིས་མི་འགྲིགས་ན་ཕྱོགས་པར་མོས་ཏེ།
བདུད་རྩི་རིལ་བུས་ཁ་དག་པར་བྱེད། བདུད་རྩི་རིལ་བུ་མེད་ན་བྱིན་གྱིས་བརླབས་པའི་ནང་མཆོད་ལྕེ་ཐོག་ཏུ་མྱང་བས་ཆོག་གོ
Face the south, or if the layout of the room does not permit this, imagine that you are facing that direction. Purify the mouth with a nectar pill; if such a pill is unavailable, it is enough to taste the blessed inner offering upon the tongue.
Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero