Blessing the preliminary offerings

རང་གི་མདུན་དུ་བདག་བསྐྱེད་ཀྱི་མཆོད་པའི་ཕར་རྒྱབ་ཏུ་སྟེགས་ཀྱི་ཁར་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་འབུལ་ཡུལ་གྱི་གཡས་དང་རང་གི་གཡོན་ནས་འགོ་བརྩམས་ཏེ་སྦྲེང་ཚར་དུ་བཤམས་ལ། བསང་སྦྱངས་སྔར་དང་འདྲ།
On a platform in front of oneself but behind the self-generation offerings, arrange the two waters and outer offerings in a row starting from the offering-object's right (which is one's left) and eliminate obstacles and purify as before.

Regarding their generation: བསྐྱེད་པ་ནི།

འདི་རྣམས་ཞི་བའི་ལས་ཀྱི་སྐབས་ཡན་ལག་བརྒྱད་ལྡན་གྱི་མཆོད་ཡོན་སོགས་བྱེད་པའང་འདུག
During peaceful activities, it is also common to offer offerings possessing the eight qualities and so forth.

གང་ལྟར་སྔར་བཤད་པ་ལྟར་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས་རང་རང་གི་རྣམ་པ་ཅན།
བྱེད་ལས་མགྲོན་རྣམས་ཀྱི་ཞལ་སོགས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པའི་ཁྱད་ཆོས་གསུམ་ལྡན་དུ་མོས་ལ།
In any case, as explained previously, one should imagine them as having three attributes:

  1. Their nature is bliss and emptiness
  2. Their aspect is that of the individual offering substances
  3. Their function is to generate a special, uncontaminated bliss as the utilised-objects of the guests' six senses, i.e. the mouth and so forth.

མཆོད་རྫས་རང་རང་གི་མིང་དང་འབྲུ་གསུམ་སྤེལ་བས་བྱིན་གྱིས་བརླབས།
Bless them by combining the name of each offering substance with the three syllables.

སྔོན་འགྲོའི་གཏོར་མ་སྔར་གྱི་ནང་མཆོད་ལྟར་བྱིན་གྱིས་བརླབས།
Bless the preliminary torma offering as you did previously for the inner offering.


Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero