Explanation of the Tantra's source
དཔལ་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་གདོང་དྲུག་དང་བཅས་པའི་རྒྱུད་འདི་དག་ཀྱང་དཔལ་གསང་བ་འདུས་པའི་ཕྱོགས་མཐུན་གྱི་རྒྱུད་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་དུ་གཏོགས་ཤིང་།
These tantras of the Glorious Red, Black, and Frightening Yamantaka, as well as the Six-Faced, belong to the Mahāyoga Method Tantras, which are concordant with the glorious Guhyasamāja.
ཐབས་རྒྱུད་ལའང་རིགས་གསུམ་དུ་ཡོད་པའི་ནང་ནས་ཞེ་སྡང་གི་རིགས་ཀྱི་ཐབས་རྒྱུད་དེ། དེ་ལ་དགྲ་ནག་དང་གཤེད་དམར་གྱི་རྒྱུད་ད་ལྟ་འཕགས་བོད་ཀུན་ན་བཞུགས་པ་འདི་རྣམས་རང་རང་གི་རྩ་རྒྱུད་རྒྱས་པའི་བསྡུས་རྒྱུད་ཡིན་ཞིང་། རྟོག་བདུན་གྱི་བསྡུས་རྒྱུད་མ་ཡིན་ནོ། །
Among the three types of Method Tantras, these comprise the Method Tantra of the Anger family. The Black and Red Yamantaka tantras currently extant in India and Tibet are condensed versions of their respective extensive root tantras; they are not condensed versions of the Seven Chapters.
རྟོག་བདུན་ནི། འཇིགས་བྱེད་ཀྱི་རྒྱུད་རྒྱས་པ་ཤླཽ་ཀ་འབུམ་པར་བོད་ཀྱི་བླ་མ་རྣམས་བཞེད་ལ། འདི་ལ་ཡང་རྟོག་པ་སུམ་བརྒྱ་ཡོད་པར་གྲུབ་ཆེན་ལཱ་ལི་ཏས་གསུངས་ཤིང་། དེའི་ནང་ནས་རྟོག་པ་བདུན་ཟུར་དུ་ཕྱུང་བ་ཡིན་པས། རྩ་རྒྱུད་རྒྱས་པའི་དུམ་བུ་ཡིན་ནོ།
Regarding the Seven Chapters, Tibetan masters maintain that the extensive Vajrabhairava Tantra consists of one hundred thousand stanzas. The great adept Lalitavajra stated that it contains three hundred chapters, and since the Seven Chapters were extracted from that corpus, they constitute a portion of the extensive root tantra.
རྟོག་པ་གསུམ་པ་ནི་རྟོག་བདུན་གྱི་འཁྲུལ་འཁོར་གྱི་རྟོག་པ་གཙོ་བོར་འཆད་ཅིང་། བདུད་རྩི་བསྒྲུབ་པ་ལ་སོགས་པ་འཆད་པའི་བཤད་རྒྱུད་ཡིན་ལ།
རྭ་སྐྱོ་གཉིས་ཀས་འཁྲུལ་འཁོར་གྱི་ཆོ་ག་དག་འདི་ཚད་མར་བྱས་ནས་འཆད་པར་གསུངས།
The Third Chapter primarily explains the yantra from among the Seven Chapters; it is an explanatory tantra that teaches practices such as the accomplishment of nectar. Both Ra and Kyo are said to explain the rites of the yantra by taking this as their authoritative source.
རྒྱུད་འདི་ཨོ་རྒྱན་གྱི་ཡུལ་ནས་ལེན་པ་པོ་མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཆེན་ལཱ་ལི་ཏ་བཛྲ་སྟེ།
དེ་ནི་རྒྱུད་འདིའི་སྐོར་ལ་སྡུད་པ་པོ་དང་འདྲ་བའི་ཚད་མའི་སྐྱེས་བུ་སྟེ། དེས་མཛད་པའི་ལྷ་ཞེ་དགུ་མ་དང་། རོ་ལངས་བརྒྱད་སྐོར་གཉིས་ཡོད་ལ།
The one who recovered this tantra from the land of Oḍḍiyāna was the great adept Lalitavajra, who attained supreme siddhi. Regarding this cycle of tantras, he is an authoritative being comparable to the original compiler. He composed works such as the Forty-nine Deity Practice and the Eight-fold Vetāla Cycle.
གཞན་ཡང་གྲུབ་ཆེན་དཔལ་འཛིན། ཨ་མོ་གྷ་བཛྲ་ཆེ་ཆུང་། ཤྲཱི་བྷ་དྲ། ཛྙཱ་ནཱ་ཀ་ར། འཇམ་དཔལ་ཡེ་ཤེས། སློབ་དཔོན་ཞི་བའི་ཡེ་ཤེས་སོགས་ཀྱིས་དཔའ་བོ་གཅིག་པ་སོགས་སྒྲུབ་ཐབས་ཀྱི་རྣམ་བཞག །དཀྱིལ་ཆོག་སྦྱིན་སྲེག་སོགས་མང་དུ་མཛད་ཅིང་། བོད་དུའང་གཙོ་བོར་གྲགས་ཆེ་བ་རྭ་སྐྱོ་ཞང་གསུམ་མལ་དང་གཉོས་ཀྱི་ལུགས་རྣམས་ཡིན་ཞིང་། དེ་དག་ལས་ཀྱང་རྭ་ལུགས་མཆོག་ཏུ་བཞེད་དོ། །
Moreover, the great adept Śrīdhara, Amoghavajra (the Elder and Younger), Śrībhadra, Jñānākara, Mañjuśrījñāna, and the master Śāntijñāna composed numerous presentations on the Solitary Hero practice, mandala rites, fire offerings, and so forth. In Tibet, the most renowned traditions are those of Ra, Kyo, Zhang, Mal, and Nyö, among which the Ra tradition is considered supreme.
རང་ཅག་གི་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་ལུང་དང་རིགས་པས་རྣམ་དག་ཏུ་སྒྲུབ་པའི་ལྷ་བཅུ་གསུམ་མ་དང་ཁྱད་པར་གོང་དུ་བཤད་པ་ལྟར་རྡོ་རྗེ་འཇིགས་བྱེད་ཀྱི་རྩ་རྒྱུད་རྒྱས་པ་རྟོག་པ་སུམ་བརྒྱ་པ་ཤླཽ་ཀ་འབུམ་ཡོད་པ་ཨོ་རྒྱན་གྱི་ཡུལ་དུ་བཞུགས་པའི་ནང་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་ལཱ་ལི་ཏ་བཛྲ་གྱིས་དངོས་གྲུབ་འབྱུང་བའི་རྟོག་པ་ཟུར་དུ་ཕྱུང་བ་ད་ལྟ་རྟོག་བདུན་དུ་གྲགས་པ་རྒྱ་བོད་གཉིས་ཀར་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་འདི་ཉིད་ལས་དངོས་སུ་བསྟན་པ་ཡི་དམ་དཔའ་བོ་གཅིག་པ་འདི་ཉིད་རྗེ་བླ་མའི་ཐུགས་དམ་གྱི་ཉིང་ཁུ་སྙིང་གི་ཐིག་ལེ་ལྟ་བུ་ཡིན་པར་བླ་མ་དམ་པའི་གསུང་ལས་འབྱུང་བ་ལྟར་ཡིན་ཞིང་།
Our Je Lama Tsongkhapa established with scripture and reasoning the pure practice of the thirteen-deity form. Particularly, as explained above, the great lord of adepts Lalitavajra, residing in Oḍḍiyāna, extracted the chapters for attaining accomplishments from the extensive root tantra of Vajrabhairava in one hundred thousand stanzas and three hundred chapters. These are now known as the Seven Chapters, which possess immense transformative power in both India and Tibet. From these, the Solitary Hero deity is directly taught. According to the oral instructions of the holy masters, this was the very essence of Je Lama’s personal practice, like a drop of vital essence at his heart.
ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོས་ཀྱང་། རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་པ། །དཔའ་བོ་གཅིག་པའི་བསྙེན་པ་བྱ་བ་ནི། །རྡོ་རྗེ་འཇིགས་བྱེད་རང་གི་རྩ་བའི་རྒྱུད། །རྟོག་བདུན་དང་ནི་རྒྱུད་གཞན་ཁ་སྦྱོར་རྒྱུད། །གཉིས་ལས་བཤད་ཅིང་གྲུབ་ཆེན་དཔལ་འཛིན་སོགས། །རྒྱ་བོད་མཁས་གྲུབ་མང་པོས་བཤད་པ་ལྟར། །རྡོ་རྗེ་འཇིགས་བྱེད་ཉིད་དང་དབྱེར་མེད་པའི། །ཡབ་རྗེ་རྒྱལ་བའི་དབང་པོ་ཙོང་ཁ་པས། །རིམ་པ་དང་པོའི་གནད་ཀུན་ཚང་བ་ཡི། །སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་འདི་མཛད་པས། །བཅུ་གསུམ་མ་ཡི་དཀྱིལ་འཁོར་རྒྱལ་མཆོག་སོགས། །བསྡུས་པའི་འདོན་ཆ་ཉུང་བསྡུས་ཙམ་ཞིག་ཏུ། །གོ་བའི་ལོག་རྟོག་ངན་པ་རྒྱང་བསྲིངས་ཏེ། །སྒྲུབ་ཐབས་འདི་ལ་འབད་པས་འཇུག་པར་རིགས། །ཞེས་པའི་དོན་གོ་བར་བྱའོ།
Accordingly, the glorious Ngawang Losang Chöden (the second Changkya Rolpai Dorje) stated:
"Regarding the performance of the Solitary Hero approximation of the complete Vajrabhairava with all faces and arms: It is explained in Vajrabhairava’s own root tantra, the Seven Chapters, as well as in other tantras such as the Union Tantra (Sampuṭa). Following the explanations of many Indian and Tibetan scholars and adepts such as the great Śrīdhara and so forth, Je Lord of Conquerors Tsongkhapa—who is inseparable from Vajrabhairava himself— composed the sadhana Victory Over the Maras, which contains all the essential points of the first stage. Therefore, distancing yourself from the poor, distorted understanding that the thirteen-deity mandala of the Great Conqueror [the Seventh Dalai Lama] and others is merely a brief recitation text, it is right to engage with this sadhana with diligent effort."
Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero