What to do during the breaks
ཀུན་སྤྱོད་དང་སྒྲུབ་ཐབས་ཀུན་བཟང་སོགས་ལས་གསུངས་པ་ལྟར་འཇིགས་བྱེད་ཀྱི་ང་རྒྱལ་དང་མ་བྲལ་བའི་ངང་ནས་གཟུགས་སུ་སྣང་བ་ཐམས་ཅད་རྡོ་རྗེ་འཇིགས་
བྱེད་ཀྱི་རྣམ་རོལ་དུ་བལྟས་ལ། སྒོ་གསུམ་གྱི་བྱ་བ་མཐའ་དག་སྔགས་དང་ཕྱག་རྒྱའི་བདག་ཉིད་དུ་བསམས་ནས་དེའི་དྲན་པ་མ་གཡེང་བའི་སྤྱོད་ལམ་གྱི་རྣལ་འབྱོར་ལ་གནས་པར་བྱ་ཞིང་། དེ་ལྟར་བྱས་ན་ལུས་ཀྱི་སྒུལ་བསྐྱོད་དང་། ངག་གི་སྨྲ་བརྗོད་བཏང་སྙོམས་པ་རྣམས་ཀྱིས་ཀྱང་ཕྱག་རྒྱ་བཅིང་བ་དང་། སྔགས་བཟླས་པ་དང་འདྲ་བའི་ཚོགས་རྫོགས་པར་འགྱུར་བར་གསུངས།
As it says in ???, while not being separate from the pride of Yamantaka, view all appearances of forms as the playful manifestations of Vajrabhairava. Considering all activities of the three doors to be in the nature of mantra and mudra, one should abide in the yoga of conduct that is undistracted from remembering that. If done as such, even the neutral bodily movements and expressions of speech will complete the collections, just like the binding of mudras and recitation of mantra.
Food yoga ཟས་ཀྱི་རྣལ་འབྱོར་ནི།
བཟའ་བཏུང་རྣམས་བྱིན་གྱིས་བརླབས་ཏེ། ཁ་ཐབ་ཁུང་། ལག་པ་གཉིས་དགང་གཟར་བླུགས།
བཟའ་བཏུང་སྲེག་རྫས་སུ་མོས་ཏེ་སྙིང་གའི་ཧཱུཾ་ཡིག་ལྷ་ཐམས་ཅད་འདུས་པའི་བདག་ཉིད་དུ་བསམས་ལ་ལོངས་སྤྱོད།
Bless your food and drink. Imagine that your mouth is the furnace, your two hands are the ladle and spoon, and that the food and drink are the burnt-offerings. Consume them thinking that the HUM at your heart is the nature of all deities.
དེ་ལྟར་བྱས་ན་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་འདྲ་བའི་ཚོགས་རྫོགས་པར་བྱེད་ཅིང།
དད་ཟས་སོགས་ཀྱི་ཡོན་གྱི་ཕུང་པོའང་ཡོངས་སུ་སྦྱོང་བར་ནུས་པས་བུ་ལོན་དུ་མི་འགྱུར་བ་ཡིན་ཏེ།
If done as such, it completes the collections similar to accomplishing and making offerings to the mandala. Since it completely purifies the heaps of donations of faithful food-offerings and so forth, it will not become a debt.
གདན་བཞི་ལས།
གང་ཞིག་ཅུང་ཟད་བཟའ་བཏུང་རྣམས། །བསྔོ་བ་བྱས་ནས་བཟའ་བར་བྱ། འདི་ལྟར་སྤྱོད་པའི་རྣལ་འབྱོར་པ། །བུ་ལོན་དུ་ཡང་མི་འགྱུར་རོ། །ཞེས་གསུངས་སོ།
As stated in the Catuṣpīṭha: "However little food and drink there is, consume it after making the dedication. A yogic practitioner who acts in this way will never fall into debt."
Sleep Yoga ཉལ་བའི་རྣལ་འབྱོར་ནི།
སེང་གེའི་ཉལ་སྟབས་ཀྱིས་ཉལ་ཏེ་དག་པའི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་སྟེ་རང་ལ་ཐིམ། རང་ཡང་སྐུའི་སྟོད་སྨད་ནས་རིམ་གྱིས་འོད་ཞུ་སྟེ་ཐུགས་ཀའི་ས་བོན་ལ་ཐིམ། དེ་ཡང་འོད་དུ་ཞུ་སྟེ་མི་དམིགས་པ་སྟོང་པར་གྱུར་པར་བསམས་ལ་གཉིད་ཀྱི་འོད་གསལ་འཛིན།
Lay down in the lion posture. The entire pure contained and container melt into light and dissolve into you. Oneself also gradually melts into light from the top and bottom of the body and dissolve into the seed syllable at the heart [of the deity]. That also melts into light and becomes non-observed emptiness. Thinking in this way, apprehend the clear light of sleep.
Waking Yoga ལྡང་བའི་རྣལ་འབྱོར་ནི།
ཙ་རྩི་ཀ་ལ་སོགས་པའི་ལྷ་མོའི་གླུ་དབྱངས་ཀྱིས་བསྐུལ་ཏེ་ལྡང་བར་མོས།
Imagine that one is awakened by the songs of goddesses, such as Carcikā and so forth.
ཁྲུས་ཀྱི་རྣལ་འབྱོར་ནི་ཆུ་དབང་གི་སྐབས་ལྟར་ཕྱི་ནང་གི་ཁྲུས་བྱེད་པ་སྟེ།
Washing Yoga: Performing the inner and outer washing in accordance with the Water Empowerment.
ཐུན་དང་ཐུན་མཚམས་ཀྱི་རྣལ་འབྱོར་མཐའ་དག་རྒྱུད་སྡེ་ནས་བྱུང་བ་ལྟར་ཚུལ་བཞིན་ཉམས་སུ་བླང་བར་བྱའོ། །
One should properly practice all the yogas of the sessions and breaks as they are described in the Tantras.
Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero