How to take to mind the visualisation of the coarse and subtle generation stage

སྐྱེ་ཤི་བར་དོ་གསུམ་སྦྱོང་ཞིང་རྫོགས་རིམ་ཡོངས་རྫོགས་སྐྱེ་བའི་དགེ་རྩ་སྨིན་བྱེད་དུ་འགྲོ་བའི་བསྒོམ་ཚུལ།
How to meditate on purifying birth, death, and the intermediate-state, which functions to ripen root-virtues for giving rise to the complete Completion Stage

ཐ་མལ་པའི་སྐྱེ་ཤི་བར་དོ་གསུམ་འབྱུང་བའི་རྒྱུན་བཅད་ནས། དེའི་དོད་དུ་དེ་དང་རྣམ་པ་མཐུན་པ་གསུམ་བསྐྱེད་པའི་སྦྱོང་བྱེད་དངོས་ནི་དོན་གྱི་འོད་གསལ་དང་།
དག་པའི་སྒྱུ་ལུས་དང་། སློབ་པའི་ཟུང་འཇུག་གི་སྤྲུལ་སྐུ་རྣམས་དང་། སྦྱོང་བྱེད་དེ་གསུམ་མཐར་ཐུག་ནི་སངས་རྒྱས་ཀྱི་སྐུ་གསུམ་ཡིན་ལ།
Having severed the continuum of the arising of ordinary birth, death, and the intermediate-state, then the actual purifiers that generate three replacements for those that are of similar aspect are the Meaning Clear-Light, the Pure Illusory Body, and the Emanation Body of the Learner's Union; their ultimate purifiers are the Three Bodies of a Buddha.

བསྒོམ་རྒྱུ་དེ་ཡང་མཐར་ཐུག་གི་འབྲས་བུའི་ཞིང་དང་སྐུ་གསུམ་དངོས་ཡིན་པར་ཐག་བཅད་ནས་བློ་ལ་གོམས་སུ་བཅུག་པས་མྱུར་དུ་གཞིའི་སྐྱེ་འཆི་བར་དོ་གསུམ་མི་འབྱུང་བར། དེའི་དོད་དུ་ལམ་དང་འབྲས་བུའི་སྐུ་གསུམ་འགྲུབ་པར་འགྱུར་བའི་དགེ་རྩ་སྨིན་པར་བྱས་པ་ནི་བསྐྱེད་རིམ་གྱིས་སྦྱང་གཞི་སྦྱོང་བའི་དོན་ཡིན་ནོ།
By resolving that those objects of meditation are the actual final resultant field and Three Bodies and familiarising the mind with that, then quickly the basis birth, death, and intermediate-state will not arise. Acting to ripen root-virtues that will accomplish the path and resultant Three Bodies as their replacements is the meaning of the Generation Stage purifying the bases of purification.


ཐ་མལ་གྱི་སྣང་ཞེན་གྱི་གཉེན་པོར་འགྲོ་བའི་བསྒོམ་ཚུལ།
How to meditate on the antidotes to ordinary appearance and grasping

ཐ་མལ་གྱི་སྣང་ཞེན་ནི་བསྐྱེད་རིམ་པའི་སྤངས་བྱའི་གཙོ་བོ་ཡིན་ལ།
Ordinary appearance and grasping are the main objects of abandonment of the Generation Stage.

ཐ་མལ་གྱི་སྣང་བ་འགོག་པ་ལ་རྟེན་དང་བརྟེན་པའི་རྣམ་པ་ལ་གསལ་སྣང་འདོན་པ་དང་། ཞེན་པ་འགོག་པ་ནི་ཡི་དམ་གྱི་ལྷ་དངོས་ཡིན་ནོ་སྙམ་པའི་ང་རྒྱལ་བསྒོམ་པའོ།
In order to cease ordinary appearances, one generates clear appearances of the aspects of the support and supported [mandala]; in order to cease grasping, one cultivates pride thinking "I am the actual yidam-deity!"

དེ་ལ་གོམས་པས་ད་ལྟའི་ངའི་ཞེན་པ་དོར་ནས་ཡི་དམ་ལ་ང་རྒྱལ་བཅོས་མིན་དུ་འཕོ་ནུས་པ་འབྱུང་བར་གསུངས།
Through familiarising with that, it is said that our present grasping to "I" is discarded and one can transfer to an uncontrived pride wrt the yidam.

དེ་ཡང་སྒྲུབ་ཐབས་ཀྱི་ཐོག་མ་ནས་འདིའི་བར་ལ་སླེབ་པར་སྐབས་གང་ཡིན་གྱི་དམིགས་པ་རྣམས་བྱིང་རྒོད་ཀྱི་དབང་དུ་མ་སོང་བར་དལ་བུས་གསལ་བཏབ་ནས་བསྒོམ་རྒྱུའི་གྲངས་དང་གོ་རིམ་ངེས་ཅན་དུ་བྱས་ལ་དེ་ལས་གཞན་དུ་མི་གཏོང་སྙམ་པའི་འཕེན་པ་དྲག་པོ་བཏང་ནས་སྔ་མ་མ་ཤར་བར་ཕྱི་མ་མི་བསྒོམ་ཞིང་། ཕྱི་མ་སྒོམ་པའི་ཚེ་སྔ་མ་མ་བརྗེད་པར་བསྣོན་གྱིན་བསྒོམ་དགོས་ཤིང་། སྔ་མ་དོར་ནས་ཕྱི་མ་བསྒོམ་པ་མིན་ཏེ། དེ་ལྟར་བསྒོམ་ན་རྟེན་བརྟེན་པ་ཐམས་ཅད་ལ་དུས་གཅིག་ཏུ་གསལ་སྣང་ཐོན་པ་མི་འོང་ལ། འདིར་ཐམས་ཅད་ལ་གཅིག་ཆར་དུ་གསལ་སྣང་ཐོན་མི་དགོས་པའི་ཕྱིར་རོ། །
Moreover, all the visualisations of the various parts of the sadhana (from the start and until now) should be meditated upon through visualising them slowly, without falling under the power of laxity and excitement. One should be certain about their number and order, and should strongly resolve to not deviate from those; one should not meditate on latter [visualisations] without the dawning of the previous and when moving on to meditate on the latter [visualisations], the previous should not be forgotten but rather added on to. One should not discard the previous [visualisations] to meditate on the latter because if one meditates as such, then one will not bring about the simultaneous clear appearance of the entire support and supported [mandala] simultaneously; while in this context, it is not necessary to bring about a simultaneous clear appearance of everything.

དེ་ལྟར་རྟེན་བརྟེན་པ་ཡོངས་རྫོགས་བསྐྱེད་ཚར་ནས་སྐབས་འདི་དག་ཏུ་ད་དུང་ལྷའི་གསལ་སྣང་བསྒྲུབ་དགོས་པས། གཙོ་བོ་ནས་འོད་ཕྲེང་གི་བར་དང་འོད་ཕྲེང་ནས་གཙོ་བོའི་བར་དང་། དེ་མི་གསལ་ཚེ་གཙོ་བོའམ་དེའི་རྩ་ཞལ་ལྟ་བུ་ལ་ང་རྒྱལ་དང་གསལ་སྣང་སྒྲུབ་ཚུལ་སོགས་གཞན་ནས་འབྱུང་བ་ལྟར་ངེས་པར་བྱས་ཏེ།
Having finished generating the entire support and supported [mandala] as such, since it is still necessary to maintain clear appearances of the deity on these occasions, one should develop clear appearances and divine pride on [just] the principal deity and up to the light-garland and back; and when that is not clear, on [just] the principal deity or its main face. The way of doing this should be ascertained from other sources.

དང་པོ་ང་རྒྱལ་ཙམ་ལས་གསལ་བར་མི་འཆར་ཡང་། དེ་ནས་ཐོ་ཡོར་ལྟ་བུ་ནག་ཡོལ་ལེ་བ།
རིམ་གྱིས་ཐང་སྐུ་སོགས་དམིགས་རྟེན་བཞག་ནས་དེའི་རྣམ་པ་དྲན་པར་བྱས་ཏེ་བསྒོམ་ན་རིམ་གྱིས་གསལ་བར་འཆར་ཞིང་།
Initially, apart from the pride, they do not appear clearly; then, they appear indistinct, like a scarecrow. Gradually, through using visualisation aids such as thangkas and statues, then one can meditate through recalling their aspects and gradually they will appear clearly.

ཡུད་ཙམ་གྱིས་གསལ་བར་འཆར་མི་ནུས་ན་ལས་དང་པོ་པ་ཡིན་ལ།
རགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་གསལ་བར་འཆར་ནུས་ཀྱང་སྐྱེ་མཆེད་ཀྱི་ལྷ་དེ་ལྟར་འཆར་མི་ནུས་པའི་ཚེ་ཡེ་ཤེས་ཅུང་ཟད་བབས་པ་དང་།
སྐྱེ་མཆེད་ཀྱི་ལྷ་ཚུན་ཆད་ཀྱང་ཡུད་ཀྱིས་གསལ་བར་འཆར་ཞིང་། ནམ་འདོད་དུ་འོང་བ་ནི་ཡེ་ཤེས་ལ་ཅུང་ཟད་དབང་བ་ཡིན་པར་གསུངས་སོ།
If one is unable to have them clearly appear instantly, then one is a beginner. When one is able to have the coarse mandala clearly appear instantly but is unable to have that for the deities at the sources, then a little exalted wisdom has descended. When even then deities at the sources can clearly appear instantly and appear whenever one wishes, then a little exalted wisdom is mastered.

See: Generation Stage

གང་ལྟར་ཡང་སོ་སོར་དཔྱད་ནས་བསྒོམ་པ་དང་། རྩེ་གཅིག་ཏུ་བཞག་སྟེ་བསྒོམ་པའི་དཔྱད་འཇོག་སྤེལ་མར་བྱས་ཏེ་བྱིང་རྒོད་དང་བྲལ་བར་བསྒོམ་དགོས་ཤིང་།
In any case, it is necessary to alternate between analytical (meditating through individual analysis) and placement (placing single-pointedly) meditations while being free from laxity and excitement.

བསྒོམ་བྱའི་རྟེན་དེ་དག་ཀྱང་འབྲས་དུས་ཀྱི་དག་པའི་གཞལ་ཡས་ཁང་དང་། བརྟེན་པ་ལྷ་ལ་སོགས་པ་ལ་རང་གི་ལུས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་འབྲས་དུས་ཀྱི་ལྷའི་སྐུ་དང་། རང་གི་ངག་དེའི་གསུང་དང་། རང་གི་ཡིད་ལྷ་དེའི་ཐུགས་དངོས་ཡིན་པར་ཐག་བཅད་པའི་ང་རྒྱལ་ཤུགས་ཅན་དང་སྦྲགས་ནས་བསྒོམ་པ་གཙོ་བོ་དང་།
དག་པའི་སྣང་བ་བསྐྱེད་པ་དེའི་ཡན་ལག་ཡིན་ནོ། །
The principal meditation is with a powerful pride regarding the support, i.e. the resultant pure celestial mansion, and supported deities and so forth; resolving that one's body is actually the deity's holy body at the time of the result (with all faults exhausted and all qualities complete), one's speech is actually its holy speech, and one's mind is actually its holy mind. Generating pure appearances of those is a branch of that [i.e. secondary].

དེ་ལྟར་བསྒོམས་པས་ཐུན་ཇི་ཙམ་འཁྱོངས་ཀྱི་བར་རྟེན་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་དེའི་རིང་ལ་ཡིད་ཤེས་ལ་ཐ་མལ་གྱི་སྣང་བ་གང་ཡང་མི་འཆར་བར་དག་པའི་དཀྱིལ་འཁོར་གྱི་རྣམ་པ་འབའ་ཞིག་འཆར་བ་དང་། ཐ་མལ་གྱི་ཞེན་པ་མེད་པར་རང་ལ་དག་པའི་ལྷ་དངོས་ཀྱི་ང་རྒྱལ་བརྟན་པོ་གཉིས་ལན་རེ་ཙམ་མ་ཡིན་པར་རྟག་ཏུ་བྱུང་ན་བསྐྱེད་རིམ་བརྟན་པའི་ཚད་ཡིན་ལ།
Through meditating as such, if for the duration of the session one can sustain the meditation on the support and supported mandala without any ordinary appearances dawning to one's mental consciousness and only the aspects of the pure mandala appearing, and if one has stable pride of oneself as the actual pure deity without ordinary grasping not just once or twice, but always, then this is the measure of stability in the Generation Stage.

དོན་གྱི་སྙིང་པོ་ནི་རྟེན་དང་བརྟེན་པའི་ལྷའི་འཁོར་ལོ་དེ་དག་ཐམས་ཅད་ཀྱང་རྣལ་འབྱོར་པ་རང་གི་བློ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་སོང་བའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུང་ཆ་རྟེན་བརྟེན་པའི་བཀོད་པ་སྣ་ཚོགས་པར་འཆར་ཡང་། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་སྣང་སྟོང་སྒྱུ་མ་ལྟ་བུར་འཆར་བ་ལ་རྩེ་གཅིག་ཏུ་གོམས་པས། རྫོགས་རིམ་གྱི་སྐབས་ཀྱི་རྟེན་དང་བརྟེན་པ་འགྲུབ་པའི་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར་ཞིང་། འབྲས་བུའི་དུས་སུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་རྟེན་དང་བརྟེན་པ་འགྲུབ་པའི་ལག་རྗེས་ཁྱད་པར་ཅན་འཇོག་པས་ཚུལ་འདི་ནི་སྐབས་འདིར་མེད་དུ་མི་རུང་བའི་གནད་དམ་པའོ།
The essential meaning is that all these support and supported deities of the mandala that are the apprehended-aspect of the yogi and their exalted wisdom of non-dual bliss and emptiness (their awareness having become the entity of the exalted wisdom of great bliss) appear in their varied arrangements of the support and supported [mandala], but do not have even an atom of inherent establishment and dawn as illusion-like appearance and emptiness. Through single-pointed familiarisation with that, it transforms into a special ripener for accomplishing the support and supported [mandala] during the Completion Stage and it deposits a special imprint for accomplishing the support and supported [mandala] at the time of the result, which has exhausted all faults and completed all qualities. Therefore, this method is indispensable in this context; this is a crucial point.

འདི་ནི་རགས་པ་ཡིན་ལ། ཕྲ་ཐིག་བསྒོམ་པའི་ཚུལ་ནི།
This is the coarse [Generation Stage]; the way of meditating on the subtle drop is as follows.

རང་གི་བློ་ཚོད་དང་བསྟུན་ཏེ་བྱིང་བ་ཤས་ཆེ་ན་སྟེང་གི་སྣ་རྩེ་དང་། རྒོད་པ་ཤས་ཆེ་ན་འོག་གི་སྣ་རྩེར་བསྒོམ་དགོས་ཤིང་།
In accordance with one's own mental disposition, if laxity is greater, then one should meditate on the upper tip of the nose and if excitement is greater, one should meditate on the lower tip of the nose.

དེའི་ཚུལ་ནི། རྩ་ཞལ་གྱི་སྟེང་གི་སྣ་རྩེར་ཟླ་གདན་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་དུ་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཡུངས་དཀར་གྱི་འབྲུ་ཚད་ཙམ་ཞིག་སྤྲོས་ཏེ་གནས་པ་བསྒོམས། དེ་ལ་སེམས་བརྟན་པ་ན་རྩ་བའི་དམིགས་རྟེན་དེ་ལས་གཉིས་པ་དང་གསུམ་པ་བཞི་པ་སོགས་གདོང་མདུན་མཐར་ནམ་མཁའ་གང་བར་སྤྲོས་ཏེ་སླར་སྡུད་པ་ན་ཕར་སྤྲོས་པའི་རིམ་པ་དང་བསྟུན་ཏེ་གོ་རིམ་མ་འཁྲུགས་པར་རྩ་བའི་དམིགས་རྟེན་ལ་བསྡུ་བ་ལ་བསླབ།
དེ་ལ་ལོབས་པ་ན་ཕྱག་མཚན་དེ་ཉིད་རྟེན་བརྟེན་པའི་དཀྱིལ་འཁོར་དུ་བསྒྱུར་ནས་རེག་མཐོང་གི་མཚན་མ་མ་རྙེད་བར་དུ་བསྒོམ།
The way of doing this: Visualise that from the meditation-being at the heart, a five-pronged blue vajra the size of a mustard seed is emanated and abides at the upper tip of the nose of the main face upon a moon disc the size of a split pea. When the mind has stabilised on that, then from that original visualisation, emanate a second, third, fourth, and so forth, filling the entire space in front of your face; then train in gathering those back into the original visualisation in the order they were emanated, without mixing up their sequence. When that has been trained, transform that hand-implement into the support and supported mandala and meditate until the signs of feeling and seeing are gained.

འདི་ནི་ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པའི་སྐབས་ཀྱི་སྒོམ་ཚུལ་ལོ།
This is the way of training on the occasion of having some mastery over exalted wisdom.

འོག་གི་སྣ་རྩེར་ཐིག་ལེ་ཡུངས་དཀར་གྱི་འབྲུ་ཙམ་བསྒོམ་ལ་སྤྲོ་བསྡུ་སོགས་སྔར་ལྟར་བྱ།
Meditating on mustard-seed drop at the lower tip of the nose, emanating and gathering, and so forth, is done as above.

དེ་ལྟར་གོམས་པར་བྱས་པས་ལས་དང་པོ་པའི་སྐབས་སུ་བྱིང་རྒོད་ཀྱི་སྐྱོན་སེལ་བ་དང་།
རིམ་པ་དང་པོ་ལ་བརྟེན་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྒྲུབ་པ་དང་།
རྫོགས་རིམ་གྱི་ཕྲ་མོའི་རྣལ་འབྱོར་གྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་དགེ་རྩ་སྨིན་བྱེད་དུ་འགྱུར་རོ།
Having familiarised in this way:


Up a level: Profound Path of the Great Secret - First Stage of the Yidam Vajrabhairava Solitary Hero