Speech isolation

ལུགས་འདིའི་རྣལ་འབྱོར་པས་སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་བསྒོམས་པས་སྟེང་འོག་གི་རླུང་རྣམས་སྙིང་གའི་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སྣང་བའི་ཡེ་ཤེས་སྐྱེས་པ་ན་བསྒོམས་སྟོབས་ཀྱིས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ཏེ་རླུང་སྙིང་གའི་མི་ཤིགས་པ་ལ་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སྣང་བའི་ཡེ་ཤེས་མ་སྐྱེས་པའི་གནས་སྐབས་ཀྱི་རྫོགས་རིམ་ནི། ངག་དབེན་གྱི་ངོ་བོ།
Nature: A completion stage practice on the occasion:

རླུང་ལྡང་འཇུག་གནས་གསུམ་གྱི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་ཤར་བའི་རྡོ་རྗེའི་བཟླས་པ་བྱས་པ་ལ་བརྟེན་ནས། སྙིང་གའི་གོང་འོག་གི་རྩ་མདུད་ལྷོད་པོར་སོང་སྟེ་སྟེང་འོག་གི་རླུང་རྣམས་སྙིང་གའི་དྷཱུ་ཏཱིའི་ནང་དུ་ཐིམ་པ་ལས་བྱུང་བའི་སྣང་བའི་ཡེ་ཤེས་སྐྱེས་པ་ན། ལུས་དབེན་ནས་ངག་དབེན་དུ་འཕོས་པ་ཡིན།
One transfers from Body Isolation to Speech Isolation when (YGL): In dependence upon Vajra Recitation where the natural resonance of the breath rising, falling, and abiding dawn as the resonance of the three letters, the channel-knots above and below the heart are loosened, the upper and lower winds dissolve into the central channel at the heart, and from that arises the exalted wisdom of white appearance.

ངག་གི་རྩ་བ་ཤིན་ཏུ་ཕྲ་བའི་རླུང་ཐ་མལ་དུ་རྒྱུ་བ་ལས་དབེན་པར་བྱས་ཏེ་རླུང་སྔགས་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར།
Etymology (YGL): Due to being a yoga that isolates the very subtle winds (the root of speech) from their ordinary movement and indivisibly unites the winds and the mantra.

Three prāṇāyāma yogas:

  1. Prāṇāyāma yoga meditating on a mantra drop at the heart
    སྙིང་གའི་སྣ་རྩེར་སྔགས་ཐིག་སྒོམ་པའི་སྲོག་རྩོལ་གྱི་རྣལ་འབྱོར།
  2. Prāṇāyāma yoga meditation on a light-drop a the tip of the nose
    གདོང་གི་སྣ་རྩེར་འོད་ཐིག་སྒོམ་པའི་སྲོག་རྩོལ་གྱི་རྣལ་འབྱོར།
  3. Prāṇāyāma yoga meditating on a substance-drop at the secret place
    གསང་བའི་སྣ་རྩེར་རྫས་ཐིག་སྒོམ་པའི་སྲོག་རྩོལ་གྱི་རྣལ་འབྱོར།

Only 2 is is speech isolation vajra recitation; 1 and 3 are just called as such.

Speech isolation vajra recitation:

ལུས་ཀྱི་གནས་ཆེ་སར་ཡི་གེ་དང་ཐིག་ལེ་སོགས་བསྒོམས་པས་རླུང་དྷཱུ་ཏཱིར་སྡུད་པའི་རྣལ་འབྱོར་ཐམས་ཅད་སྲོག་རྩོལ་གྱི་རྣལ་འབྱོར་ཡིན།
Prāṇāyāma yoga is: All yogas that gather winds in the central channel through meditating on letters, drops, and so forth on the vital places of the body.


Up a level: Completion Stage