Prāṇāyāma yoga meditating on a mantra drop at the heart
ལུས་དབེན་གྱི་སྐབས་སུ་རླུང་དྷཱུ་ཏཱིར་སྡུད་ནུས་ཀྱང་སྙིང་གའི་དྷཱུ་ཏཱིར་སྡུད་མ་ནུས་པ་སྡུད་པའི་ཆེད་དུ། སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་སྒོམ་པ་དང་།
During Body Isolation, one is able to gather the winds in the central channel but it not able to gather them at the central channel at the heart. In order to gather them there, they meditate on a mantra-drop at the heart-point.
དེ་ཡུན་རིང་དུ་གོམས་པ་ལས་སྟོང་པ་བཞིའི་ཡེ་ཤེས་ཐོག་མར་སྐྱེས་པ་ནས་ངག་དབེན་རྡོ་རྗེ་བཟླས་པའི་མིང་གིས་བཏགས་པའི་སྲོག་རྩོལ་གྱི་རིམ་པར་འཕོ་བ་ཡིན་ནི།
Having familiarised with that for a long time, when the exalted wisdom of the four empties initially arises, it becomes the stage of the prāṇāyāma that is given the name Sound Isolation Vajra Recitation.
འདི་ནི་སེམས་དབེན་རྗེས་མཐུན་པ་ཡིན་པས་སེམས་དབེན་གྱི་མིང་གི་བཏགས་སུ་རུང་ཡང་དེ་མཚན་ཉིད་པ་མིན།
Since this is a similitude of Mind Isolation, it is also suitable to be given the name Mind Isolation; but it is not fully-qualified.
དེ་ལྟར་སྙིང་གར་རླུང་སྡུད་པའི་ཐབས་སྔགས་ཐིག་བསྒོམས་པས་རླུང་བསྡུས་ཏེ་དྷཱུ་ཏཱིར་ཐིམ་པ་ནི།
སྙིང་གའི་མི་ཤིགས་པ་དང་ཉེ་བའི་དྷཱུ་ཏཱིར་ཐུམ་པ་ཡིན་གྱི། མི་ཤིགས་པ་དངོས་ལ་ཐིམ་པ་མིན།
Through meditating on the mantra-drop as a method to gather the winds at the heart, the winds gather and dissolve into the central channel. However, they dissolve into the central channel close to the indestructible drop at the heart, but do not dissolve into the actual indestructible drop.
In order to to this: Prāṇāyāma yoga meditation on a light-drop a the tip of the nose
Up a level: Speech isolation