Cloud of Offerings Pleasing Manjushri - Completion Stage of Vajrabhairava Solitary Hero

འདིར་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རྫོགས་རིམ་རྣལ་འབྱོར་བཞིའི་རིམ་པ་ཉམས་སུ་ལེན་ཚུལ་དགོད་པར། དེ་ཡང་འཕགས་ཡུལ་གྲུབ་ཆེན་དཔལ་འཛིན་གྱིས་འཇམ་དཔལ་དམར་པོ་ལྷ་བཅུ་གསུམ་མའི་རྫོགས་རིམ་ལ་རྗེ་བླ་མས་འཇིགས་བྱེད་བཅུ་གསུམ་མར་ཁ་སྤོ་མཛད་པ་ལྟར་འདིར་ཡང་དེ་ལྟར་ཉམས་སུ་ལེན་པ་ལ།
In this context, setting forth the method for practicing the sequence of the four yogas of the completion stage of the solitary hero Śrī Vajrabhairava is in accordance with how Je Lama [Tsongkhapa] adapted the completion stage for the thirteen-deity Red Mañjuśrī set forth by the great Indian adept Śrīdhara for the thirteen-deity Vajrabhairava.

The support for practicing it གང་གིས་ཉམས་སུ་ལེན་པའི་རྟེན།

ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཏེ་ཡི་དམ་འདི་ཉིད་ཀྱི་དབང་བཞི་རྣམ་པར་དག་པ་ལེགས་པར་ཐོབ་ཅིང་།
དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་བཞིན་དུ་སྲུང་བའི་གང་ཟག་མཚན་ཉིད་དང་ལྡན་པ་ཞིག་དགོས་སོ།
Having trained one's continuum by through the common path, one needs to have properly obtained the pure four empowerments of this yidam and to protect the samaya and vows as if they were one's own eyes.

How to practice ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལོ།

  1. Preliminaries སྔོན་འགྲོ།

    1. Common preliminaries ཐུན་མོང་།
    2. Uncommon preliminaries ཐུན་མོང་མ་ཡིན་པ།
  2. Actual practice དངོས་གཞི།

    1. The reality of the basis གཞི་དངོས་པོའི་གནས་ཚུལ།
    2. The sequence of progressing on the path ལམ་བགྲོད་པའི་རིམ་པ།
    3. The way to actualise the result འབྲས་བུ་མངོན་དུ་བྱེད་ཚུལ།

Colophon

ཞེས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རྫོགས་རིམ་གྱི་རྣམ་བཞག་འཇལ་དཔལ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ཡང་དགའ་ལྡན་ཆོས་གླིང་གི་མཁན་ཟུར་མདོ་སྔགས་ཡོངས་ལ་མཁྱེན་དཔྱོད་ཡངས་པ་འཇིགས་མེད་འཇམ་དབྱངས་ནས་ལྷ་དར་དང་བཅས་བསྐུལ་མ་མཛད་པ་ལྟར། ྋཤཱཀྱའི་བཙུན་པ་བློ་བཟང་རྒྱལ་མཚན་སེང་གེས་སྦྱར་བའི་ཡི་གེ་པ་ནི་མཛོད་པ་ཆོས་རྗེའི་ཚ་བོ་བསྟན་པ་རྒྱལ་མཚན་གྱིས་བགྱིས་པ་འདིས་ཀྱང་འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།


Up a level: Tantra