Symbolism of dorje and bell
- The dorje symbolises method, i.e. Vajrasattva རྡོོ་རྗེས་ཐབས་རྡོོ་རྗེ་སེམས་དཔའ་མཚོོན།
- The bell symbolises wisdom, i.e. Vajradhātvīśvarī དྲིལ་བུས་ཤེས་རབ་རྡོོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་མཚོོན།
- The mutual embrace of dorje and bell symbolises the saṃbhogakāya endowed with the seven branches of union རྡོོར་དྲིལ་ཕན་ཚུན་འཁྱུད་པས་ཁ་སྦྱོོར་ཡན་ལག་བདུན་ལྡན་གྱི་ལོོངས་སྐུ་མཚོོན།
བདེ་སྟོོང་དབྱེར་མེད་ཀྱི་ཡེ་ཤེས་འདྲེན་བྱེད་ཀྱི་ཐབས་ཤེས་ཁྱད་པར་ཅན་སྒྲུབ་པ་པོོ་རང་ལ་ཡོོད་པ་མཚོོན་ཚུལ་ནི།
The way in which they symbolise the practitioner's possession of the special method and wisdom that induce the exalted wisdom of indivisible bliss and emptiness:
- The dorje symbolises both the practitioner of method themselves and their secret dorje (penis)
རྡོོ་རྗེས་ཐབས་སྒྲུབ་པ་པོོ་རང་དང་རང་གི་གསང་བའི་རྡོོ་རྗེ་གཉིས་ཀ་མཚོོན། - The bell symbolises both the wisdom mudrā and her bhaga (vagina)
དྲིལ་བུས་ཤེས་རབ་ཕྱག་རྒྱ་དང་དེའི་བྷ་ག་གཉིས་ཀ་མཚོོན། - The hub of the dorje symbolises the lower end of the father’s vajra central channel
རྡོོ་རྗེའི་ལྟེ་བས་ཡབ་ཀྱི་རྡོོ་རྗེའི་དྷཱུ་ཏི་མར་སྣེ་མཚོོན། - The hub being eight-sided symbolises the eight-fold jewel chakra
རྡོོ་རྗེའི་ལྟེ་བ་ཟུར་བརྒྱད་དུ་ཡོོད་པས་ནོོར་བུའི་རྩ་འཁོར་འདབ་བརྒྱད་པ་མཚོོན། - The tongue of the bell symbolises the lower end of the mother’s central channel, known as the “ḍākinī’s face.” དྲིལ་བུའི་ལྕེས་ཡུམ་གྱི་དྷཱུ་ཏིའི་མར་སྣེ་མཁའ་འགྲོ་གདོོང་ཞེས་བྱ་བ་དེ་ཉིད་མཚོོན།
- The tongue of the bell being eight-sided symbolises the eight-fold hidden inner chakra
དྲིལ་ལྕེ་ཟུར་བརྒྱད་དུ་ཡོོད་པས་སྦས་པ་ནང་གི་རྩ་འདབ་བརྒྱད་མཚོོན། - Brandishing the dorje in the eight directions and ringing the bell by moving its tongue in the eight directions symbolises the movement of the eight-fold hidden inner channel-petals as the practitioner’s vajra jewel opens the lower end of the mudrā’s central channel.
རྡོོ་རྗེ་ཕྱོོགས་བརྒྱད་དུ་གསོོར་བ་དང་། དྲིལ་ལྕེ་ཕྱོོགས་བརྒྱད་དུ་བསྐྱོད་ནས་དཀྲོལ་བས།
སྒྲུབ་པ་པོོའི་རྡོོ་རྗེ་ནོོར་བུས་ཕྱག་རྒྱའི་དྷཱུ་ཏིའི་མར་སྣེ་འབྱེད་པའི་ཆེད་དུ་སྦས་པ་ནང་གི་རྩ་བརྒྱད་བསྐྱོད་པ་མཚོོན་པ་ཡིན།
Also:
- The half dorje at the top of the bell symbolises the father and mother entering absorption
དྲིལ་བུའི་སྟེང་གི་རྡོོ་རྗེ་ཕྱེད་པས་ཡབ་ཡུམ་སྙོམས་པར་འཇུག་པ་མཚོོན། - Holding the vajra and bell in a mutual embrace symbolises the meeting of the two lower ends of the father and mother's central channels, the two winds mixing, and the igniting of inner heat and melting of the constituents at the four chakras རྡོོར་དྲིལ་ཕན་ཚུན་འཁྱུད་པའི་ཚུལ་བྱས་པས་ཡབ་ཡུམ་གྱི་དྷཱུ་ཏིའི་མར་སྣེ་གཉིས་འཕྲད་ནས་རླུང་གཉིས་འདྲེས་ཏེ་རྩ་འཁོར་བཞིར་གཏུམ་མོོ་འབར་བ་དང་ཁམས་འཛག་བྱེད་པ་མཚོོན།
- The sun-cushion of the dorje and bell symbolises the igniting of inner heat
རྡོོར་དྲིལ་གྱི་ཉི་གདན་གྱིས་གཏུམ་མོོ་འབར་བ་མཚོོན། - The moon-cushion symbolises the melting of the white bodhicitta ཟླ་གདན་གྱིས་བྱང་སེམས་དཀར་པོོ་ཞུ་བ་མཚོོན།
- The lotus symbolises the channels of the six chakras པདྨས་འཁོར་ལོོ་དྲུག་གི་རྩ་འདབ་མཚོོན།
- The hub of the dorje and the tongue of the bell having eight sides symbolises the four joys of both the forward and reverse processes རྡོོ་རྗེའི་ལྟེ་བ་དང་དྲིལ་ལྕེ་ཟུར་བརྒྱད་དུ་ཡོོད་པས་ལུགས་འབྱུང་ལུགས་ལྡོོག་གི་དགའ་བ་བཞི་ཟུང་མཚོོན།
- The five prongs of the dorje and bell symbolise the five exalted wisdoms རྡོོར་དྲིལ་གྱི་རྭ་ལྔས་ཡེ་ཤེས་ལྔ་མཚོོན།
- Those prongs coming out of the mouths of sea-monsters symbolises not abandoning sentient beings due to compassion རྭ་དེ་དག་ཆུ་སྲིན་གྱི་ཁ་ནས་ཐོོན་པས་སྙིང་རྗེས་སེམས་ཅན་མི་གཏོོང་བ་མཚོོན།
- The drawings of precious garlands and light-rays on the upper and lower lotuses symbolises vast enlightened activities fulfilling the hopes of disciples
པདྨའི་སྟེང་འོོག་གི་རིན་ཆེན་འཕྲེང་བ་དང་འོོད་ཟེར་གྱི་རི་མོོས་གདུལ་བྱའི་རེ་བ་སྐོང་བའི་འཕྲིན་ལས་རྒྱས་པ་མཚོོན།
Also:
- The dorje symbolises the non-dual exalted wisdom in the continuum of the Buddha
རྡོོ་རྗེས་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མཚོོན། - The bell symbolises the Buddha Bodies དྲིལ་བུས་སངས་རྒྱས་ཀྱི་སྐུ་མཚོོན།
- The sound of the bell symbolises the speech of the Buddha དྲིལ་བུའི་སྒྲས་སངས་རྒྱས་ཀྱི་གསུང་མཚོོན་པ་ཡིན།
Up a level: Symbolic dorje / Symbolic bell