Crown
ཡབ་ཡུམ་གཉིས་ཀའི་སྤྱི་བོོར་རུས་པའི་འཁོར་ལོོ་རྩིབས་བརྒྱད་པའི་ལྟེ་བར་རྡོོ་རྗེ་སྔོན་པོོ་རྩེ་ལྔ་པ་ཕྱེད་པས་ཏོོག་བྱས་པ།
At the crown of both the father and mother is an eight-spoked bone wheel, whose hub is topped by a blue five-pointed half-vajra.
འཁོར་ལོོ་དེའི་རྩིབས་ནི། མདུན་ཕྱོོགས་སུ་གསུམ། སྙན་གཉིས་ཀྱི་ཐད་དུ་རེ་རེ། རྒྱབ་ཏུ་གསུམ་མོོ།
Regarding the spokes of that wheel: there are three in the front, one at each of the two ears, and three in the back.
སྙན་གཉིས་དང་མདུན་ཕྱོོགས་ཀྱི་རྩིབས་ལྔ་ཟུག་པའི་མུ་ཁྱུད་ཀྱི་སྟེང་དུ། ཐོོད་སྐམ་ལྔ་མིག་རྐོང་ཆེ་ཞིང་མཆེ་བ་རིང་པོོ་བསྣོོལ་བ།
Upon the circumference, where five of the spokes protrude (the two at the ears and the three at the front), there are five skulls with large, hollow eye sockets and long, overlapping fangs.
ཐོོད་སྐམ་ལྔའི་སྟེང་དུ་རུས་པའི་རྩེ་ཕྲན་རེ་རེ། རྩེ་ཕྲན་ལྔ་ཀའང་པ་ཏྲའི་རི་མོོས་མཛེས་པའི་དབུས་སུ། རྒྱལ་བ་རིགས་ལྔའི་འབུར་དོོད་དུ་ཡོོད་པ།
Above each of these five skulls is a bone crown-ornament. In the centre of all five tips, which are beautified with leafy ornamental designs, the five buddha families appear in relief.
ཐོོད་སྐམ་ལྔ་པོོ་དེ་དག་གཅིག་གི་ཁ་ནས་གཅིག་གི་ཁར་བརྒྱུས་པའི་རུས་པའི་དྲ་བ་གཉིས་བཤིབས་སུ་འཕྱང་བ།
Hanging evenly from the mouth of one skull to the next are two bone chains.
ཐོོད་སྐམ་རེ་རེའི་ཁ་དབུས་ནས་རུས་པའི་དྲ་ཕྱེད་གསུམ་བཤིབས་སུ་འཕྱང་བའི་སྣེ་མོོར་ནོོར་བུ་སྦོོམ་པོོ་གསེར་གྱིས་བསྡམས་པ།
From the centre of each skull’s mouth, three half-chains hang straight down, their ends adorned with thick jewels set in gold.
རྔ་ཡབ་ནོོར་བུའི་ཡུ་བ་ཅན་དང་། དྲིལ་ཆུང་རྣམས་སྤེལ་མར་འཕྱང་བའི་སྣེ་མོོ་རྣམས་སྤྱན་དབུས་མའི་ཐད་དུ་སླེབ་ཙམ་ཡོོད་པའོོ།
Yak-tail fans with jewel-encrusted handles and small bells hang in alternation, their tips reaching just to the level of the deity's central eye.
དབུ་རྒྱན་འཁོར་ལོོ་དེས་དབུ་སྐྲ་མི་སྒྲིབ་ཅིང་། དབུ་སྐྲས་ཀྱང་འཁོར་ལོོ་མི་སྒྲིབ་པའི་ཚུལ་དུ་གནས་པའོོ།
This wheel-crown does not obscure the hair, nor does the hair obscure the wheel.
Up a level: How to self-generate as the deity and bless the dorje and bell