The place in which to practice
ནུས་པ་རྙེད་པའི་གང་ཟག་ཡིན་ན། དུར་ཁྲོད་སོོགས་མཁའ་འགྲོ་འདུ་བའི་གནས་སམ། ནུས་པ་རྙེད་མ་རྙེད་གང་ཡིན་ཀྱང་འབྱོོར་ན་སྐྱེས་བུ་དམ་པས་བྱིན་གྱིས་བརླབས་པའི་གནས་སམ། དེ་དག་གང་ཡང་མ་ཡིན་ཀྱང་རང་གི་ཁང་ཁྱིམ་སོོགས་ཡིད་དུ་འོོང་བའི་གནས་སུ།
If it is a person with the capacity to do so, one should stay in a place where dakinis gather, such as a cemetery; whether it is one with such capacity or not, if possible, one should stay in a place blessed by holy beings; if those are not possible, one should stay in a pleasant place such as one's own home.
བྱི་དོོར་ལེགས་པར་བྱས་ཤིང་བདུད་རྩི་ལྔས་བྱུགས། མེ་ཏོོག་གཅལ་དུ་བཀྲམ།
བདེ་བའི་སྟན་ལེགས་པར་བཤམས་པའི་མདུན་དུ་ནང་མཆོད་རྡོོ་རྗེ་དྲིལ་བུ་ཅང་ཏེའུ་སོོགས་མཁོ་བའི་ཡོོ་བྱད་རྣམས་ཚོོགས་པར་བྱས།
There, having cleaned properly, anoint with the five nectars, lay out flowers, and gather the necessary implements (such as the inner offering, dorje and bell, damaru, and so forth) in front of a well-arranged comfortable seat.
དམིགས་པ་གསལ་བའི་རྟེན་དུ་འཇིགས་བྱེད་ཀྱི་སྐུ་འདྲ་རབ་གནས་ཅན་བཀྲམ། དེའི་མདུན་དུ་མཆོད་གཏོོར་སོོགས་ཕྱག་ལེན་མཐོོང་བརྒྱུད་ལྟར་མཛེས་པར་བཤམས།
As a support for clear visualisation, display a consecrated statue of Yamantaka and beautifully arrange the offering tormas and so forth in front of it according to the practice lineage.
སྒྲུབ་པ་པོོ་རང་ཉིད་ཆུས་ལུས་ཀྱི་དྲི་མ་འཁྲུ་བ་ཕྱིའི་ཁྲུས་དང་། བདག་བསྐྱེད་བསྒོམ་པ་དང་།
དམ་ཚིག་བསྲུང་བ་སོོགས་ཀྱིས་སེམས་ཀྱི་དྲི་མ་འཁྲུ་བ་ནང་གི་ཁྲུས་གཉིས་བྱས་ལ།
The practitioner should perform the two types of cleansing:
- Outer: Washing the body's dirt with water
- Inner: Watching the mind's dirt by practicing self-generation, protecting samaya, and so forth.
རོོའི་གདན་ལ་གཅེར་བུ་སྐྲ་བཤིག་པ་དང་། ལུས་ལ་ཐལ་ཆེན་གྱིས་བྱུགས་ནས་ཁ་ལྷོོ་ཕྱོོགས་སུ་བལྟས་ཏེ་འདུག་པའམ།
Sitting on a corpse-seat, naked, hair loose, body covered in ash, and facing south.
རོོ་གདན་སོོགས་དེ་དག་དངོས་སུ་མ་གྲུབ་ན་མོོས་པ་བྱ་ཞིང་། བདུད་རྩིའི་རིལ་བུའམ། བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་ཁ་དག་པར་བྱས་ལ།
ལྷོོ་ཕྱོོགས་སུ་བལྟ་བར་མོོས་ཤིང་གང་དུ་འདུག་པའི་གནས་ཀྱང་དུར་ཁྲོད་དུ་མོོས་ལ། མཚན་ཕྱེད་ནས་དབུ་འཛུག་པར་བྱའོོ།
If those are not available, then just visualise it. Cleanse the mouth using a nectar pill or blessed inner offering, imagine one is facing south and imagine that the place one is staying is a cemetery. Start at midnight.
Up a level: Generation stage