How to do the meditation and recitation of Vajrasattva

མེད་དུ་མི་རུང་བ་མ་ཡིན་ཀྱང་། སྒྲུབ་ཐབས་དངོས་གཞི་བསྒོམ་པའི་ནང་གི་འགལ་རྐྱེན་སེལ་བ་དང་། སྡིག་ལྟུང་གི་འཕེལ་ཁ་ཆོད་པ་དང་། དམ་ཚིག་ཉམས་ཆག་སྦྱོོང་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་པས། ལས་དང་པོོ་བ་ལ་ཉེ་བར་མཁོ་བ་ཡིན་ཏེ། སྙིང་པོོ་རྒྱན་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པོོ། །པད་དཀར་ཟླ་བའི་དབུས་གནས་ཤིང་། །རྡོོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོོ་རྗེ་སེམས་དཔའ་ལེགས་དམིགས་ཤིང་། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོོགས་བྱིན་གྱིས་བརླབས་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་པའི་ཕྱིར།
Although this is not indispensable, since it is the supreme method for removing internal adverse conditions during the meditation of the main part of the sādhana, for checking the increase of negativities and downfalls, and for purifying broken and degenerated samaya, it is essential for beginners. As stated in the Essence Ornament:
"The singular body of all the Buddhas, Residing in the centre of a white lotus and moon, Clearly visualize Vajrasattva, adorned with a vajra and bell. Recite the hundred-syllable mantra twenty-one times according to the rite. Because downfalls and such are blessed by this, It is explained by supreme accomplished ones that they will not increase. Practice this between meditation sessions. If one recites it one hundred thousand times, One becomes the embodiment of complete purity."

དེས་ན་བསྒོམ་ཚུལ་དངོས་ནི། སྒྲུབ་ཐབས་ལྟར་ལ། དེ་ཡང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། ཞེས་སོོགས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་གི་སྤྱི་བོོར་ཡི་གེ་པྃྃ་དཀར་པོོ་ཞིག་ཐོོལ་གྱིས་བྱུང་བར་བསམ་ལ། པྃྃ་དེ་ཡང་འོོད་དུ་ཞུ་བ་ལས་བྱུང་བའི་པདྨ་དཀར་པོོ་འདབ་མ་བརྒྱད་པ་ལྟེ་བ་གེ་སར་དང་བཅས་པ་གཅིག་ཏུ་གྱུར་པར་བསམ། དེའི་ལྟེ་བར་ཨ་དཀར་པོོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་པདྨའི་ལྟེ་བ་དང་ཚད་མཉམ་པ། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོོ་ཞུ་བ་ལས་བྱུང་བའི་རྡོོ་རྗེ་དཀར་པོོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་ཡིག་དཀར་པོོས་མཚན་པ་གཅིག་ཏུ་གྱུར་པར་བསམ། རྡོོ་རྗེ་དེ་ལས་འོོད་ཟེར་དཔག་ཏུ་མེད་པ་སྤྲོོས་ཏེ་སེམས་ཅན་གྱི་དོོན་བྱས། འོོད་ཟེར་ཚུར་འདུས་ནས་རྡོོ་རྗེ་ལ་ཐིམ། རྡོོ་རྗེ་ཧཱུྃ་དང་བཅས་པ་འོོད་དུ་ཞུ་བ་ལས།
རྡོོ་རྗེ་སེམས་དཔའ་སྐུ་མདོོག་དཀར་པོོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་གྱི་སོོག་ཕྲག་ཏུ་བསྣོོལ་བ། དར་སྣ་ཚོོགས་ཀྱི་ན་བཟའ་གསོོལ་བ། ཞབས་རྡོོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོོ་རྗེ་བསྙེམས་མ་དཀར་མོོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཡུམ་གྱི་ཞབས་གཉིས་ཀྱིས་ཡབ་ཀྱི་བརླ་གཉིས་ཀྱི་སྟེང་ནས་འཁྲིལ་ཏེ་འཁྱུད་པ། རྡོོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྤྱི་བོོར་ༀ་དཀར་པོོ། མགྲིན་པར་ཨཱཿཿདམར་པོོ། ཐུགས་ཀར་ཧཱུྃ་སྔོན་པོོས་མཚན་པར་མོོས་ལ། ཡེ་ཤེས་པ་འགུག་ཐིམ། དབང་བསྐུར་རྒྱས་བཏབ་རྣམས་མངོན་རྟོོགས་ལྟར་བསྒོམ་པར་བྱའོོ། །
The actual method of meditation is as follows: it is according to the sādhana. Specifically, take refuge in the Three Jewels. After having first performed the preliminaries of taking refuge and arousing the mind of awakening, visualize a white paṃ syllable that suddenly appears at the crown of your head. Contemplate that this paṃ dissolves into light and transforms into a white, eight-petalled lotus, complete with a stamen-filled center, becoming one with it. In its center, visualize a moon disc arising from a white ā, equal in size to the center of the lotus. Above that, visualize a five-spoked white vajra arising from the dissolution of a white hūṃ syllable; contemplate that it becomes one with a white hūṃ mark at its center. From that vajra, infinite rays of light radiate, accomplishing the benefit of sentient beings. The light rays gather back and dissolve into the vajra. As the vajra, along with the hūṃ, dissolves into light, visualize a white Vajrasattva with one face and two hands, holding a vajra and bell, with his arms crossed behind his consort’s shoulders. He is adorned in garments of variegated silk and sits in the vajra posture. On his lap sits his consort, the white Vajrabhṛkuṭī, with one face and two hands, holding a curved knife and a skull-cup, embracing him around the neck. Her two legs wrap around the father's thighs. On the crown of the father and mother Vajrasattva, visualize a white oṃ; at their throats, a red āḥ; and at their hearts, mark them with a blue hūṃ. Then, invoke and dissolve the wisdom beings, and perform the empowerment and sealing as described in the abhisamaya.

དེ་ནས་རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་ཉིད་ཐ་མལ་བའི་རྣམ་པ་ཅན་འཁོད་པར་མོོས་ལ། དེའི་མཐར་ཚེ་འདིའི་ཕ་མ་སོོགས་སེམས་ཅན་ཐམས་ཅད་སའི་དྲེག་པ་བཞིན་སྨུག་ཤིག་གེར་འཁོད་པར་བསམ། རང་གི་སྤྱི་བོོའི་རྡོོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཧཱུྃ་ཡིག་དཀར་པོོ། དེའི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོོད་ཟེར་སེམས་ཅན་ཐམས་ཅད་ཀྱི་གྲངས་དང་མཉམ་པ་སྤྲོོས་པའི་སྣེ་མོོར་རྡོོ་རྗེ་སེམས་དཔའ་ཡབ་ཡུམ་ཟུང་རེ་རྣམས་ཡབ་ཡུམ་གྱི་སྦྱོོར་འཚམས་ནས་ཐོོན་ཏེ། རང་
གི་སྤྱི་བོོ་ནས་ཞུགས། སྙིང་གར་གནས་པའི་སེམས་ཅན་རེ་རེའི་སྤྱི་བོོར་རྡོོ་རྗེ་སེམས་དཔའ་ཡབ་ཡུམ་ཟུང་རེ་བཞུགས་པར་བསམ། ཡང་རྡོོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུྃ་སྔགས་འཕྲེང་དང་བཅས་པ་ལས་འོོད་ཟེར་དཔག་ཏུ་མེད་པ་སྤྲོསོ ་པའི་སྣེ་མོརོ ་མཆོད་ལྷ་མཆོད་རྫས་སྣ་ཚོགོ ས་ཐོགོ ས་པ་དཔག་ཏུ་མེད་པ་སྤྲོོས་ཏེ། སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་ནས། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོོན་ཏན་འཕྲིན་ལས་ཐམས་ཅད་འོོད་ཀྱི་རྣམ་པར་བསྡུས་ཏེ། སྤྱི་བོོའི་རྡོོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པས་རྡོོ་རྗེ་སེམས་དཔའ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོོང་བ་ལ་ཐོོགས་པ་མེད་པའི་མཐུ་སྟོོབས་ནུས་པ་གཟི་བརྗིད་ཕུན་སུམ་ཚོོགས་པར་
གྱུར་པར་བསམ་མོོ། །
Then, visualize yourself in your ordinary form appearing in the center of a moon disc at your heart. Around you, contemplate all sentient beings, starting with the parents of this life, appearing dark red like a film of dirt upon the earth.
On a moon seat at the heart of the Vajrasattva on the crown of your head is a white syllable HŪṂ. Encircling it is the hundred-syllable mantra, from which light rays equal in number to all sentient beings shine forth. At the tips of these rays, pairs of Vajrasattva in union emerge from the point of their embrace. They enter through the crown of your head, and you should visualize a pair of Vajrasattva in union seated upon the crown of each sentient being residing in your heart.
Furthermore, from the HŪṂ at the heart of the Vajrasattva—along with the mantra garland—infinite light rays emanate. At the tips of these rays, countless offering goddesses holding various offering substances are emanated. Having made pleasing offerings to all the buddhas and bodhisattvas, their bodies, speech, minds, qualities, and activities are gathered in the form of light and dissolve into the heart of the Vajrasattva on the crown of your head. Think that by this, the Vajrasattva becomes endowed with perfect magnificence, power, and the unhindered capacity to purify the sins and obscurations of all sentient beings.

དེ་ནས་ཡི་གེ་བརྒྱ་པ་བཟླ་བའི་ཚེ། དམིགས་པ་བྱ་ཚུལ་ནི། ཡས་འདེད་ཀྱི་དམིགས་པ། མས་འདེད་ཀྱི་དམིགས་པ། ཕུང་འདེད་ཀྱི་དམིགས་པ་གསུམ་ལས་གང་བྱས་ཀྱང་རུང་བས། ཡས་འདེད་ལྟར་ན། རང་གི་སྤྱི་བོོའི་རྡོོ་རྗེ་སེམས་པའི་ཐུགས་ཀའི་ཧཱུྃ་སྔགས་འཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་བབས་ཏེ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་དང་འདྲེས་པ་སྦྱོོར་མཚམས་ནས་ཐོོན། རང་གི་སྤྱི་བོོ་ནས་ཞུགས། སྙིང་གར་སླེབས་ནས་སྙིང་གའི་སེམས་ཅན་རང་རང་གི་སྤྱི་བོོ་ནས་ཞུགས་ཏེ། རང་དང་སེམས་ཅན་
ཐམས་ཅད་ཀྱི་ཚེ་འཁོར་བ་ཐོོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆག་ཐམས་ཅད་སྣག་ཚའི་ཁུ་བ་ལྟ་བུའི་རྣམ་པར་དབང་པོོའི་སྒོ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོོན་ཏེ། ལུས་ཤེལ་སྒོང་ཕྱིས་པ་ལྟར་དྲི་མ་དང་བྲལ་བར་བསམ་ནས་བཟླ་བའོོ། །མས་འདེད་ལྟར་ན། རྡོོ་རྗེ་སེམས་དཔའི་ཐུགས་ཀ་ནས་བདུད་རྩི་སྔར་ལྟར་བབས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྤྱི་བོོ་ནས་རྐང་མཐིལ་གྱི་བར་གང་བས། འབྲུ་ཤུན་ཡོོད་པའི་སྣོོད་དུ་ཆུ་བླུག་པ་ལྟར་ཉེས་ལྟུང་སྡིག་སྒྲིབ་ཐམས་ཅད་བདུད་རྩིས་བཏེགས་ཏེ། དབང་པོོའི་སྒོ་དང་བ་སྤུའི་བུ་ག་ནས་སྣག་ཚའི་ཁུ་བའི་རྣམ་པར་ཐོོན་ཏེ་ལུས་སྔར་ལྟར་དྲི་མ་དང་བྲལ་བར་བསམ་ནས་བཟླའོོ། །
When reciting the hundred-syllable mantra, the way to perform the visualization is as follows. You may perform any of the three: the downward chase visualization, the upward chase visualization, or the visualization of chasing out the aggregates.
As for the downward chase: Visualize a stream of nectar flowing from the HŪṂ and mantra garland at the heart of the Vajrasattva upon the crown of your head, which mixes with the white and red bodhicitta of the father-mother union and emerges from their place of union. It enters through the crown of your head and, upon reaching your heart, enters through the crowns of each of the sentient beings within your heart. Think that all the obscurations, downfalls, and degenerated commitments accumulated by yourself and all sentient beings since beginningless cyclic existence are expelled through the openings of your organs and pores in the form of an inky fluid, and that your body becomes free of defilements like a polished crystal ball; recite while contemplating this.
As for the upward chase: Visualize the nectar flowing down from the heart of Vajrasattva as before, filling the bodies of all sentient beings from the crowns of their heads down to the soles of their feet. Just as water poured into a vessel containing chaff lifts away all impurities, the nectar lifts up all downfalls and obscurations, which then emerge through the openings of the organs and pores in the form of an inky fluid; recite while thinking that your body becomes free of defilements as before.

ཕུང་འདེད་ལྟར་ན། རང་གི་སྙིང་གར་གནས་པའི་རང་ཐ་མལ་བའི་རྣམ་པ་ཅན་སོོགས་སེམས་ཅན་ཐམས་ཅད་ཀྱི་སྙིང་གར་ཉེས་ལྟུང་སྡིག་སྒྲིབ་རྣམས་རྡུལ་ཕུང་ནག་པོོའི་སྒོ་ང་ལྟ་བུར་གནས་པར་བསམ་ལ། རྡོོ་རྗེ་སེམས་དཔའི་ཐུགས་ཀ་ནས་བབས་པའི་བདུད་རྩིའི་རྒྱུན་སྒོ་ང་ནག་པོོ་དེ་ལ་ཕོོག་པས། ཆུ་རྒྱུན་དྲག་པོོས་ཐལ་ཕུང་ལ་ཕོོག་པ་ལྟར་སྡིག་སྒྲིབ་ནག་པོོའི་སྒོ་ང་དེ་ཉིད་བཤིག་ནས་སྔར་ལྟར་དབང་པོོའི་སྒོ་དང་བ་སྤུའི་བུ་ག་ནས་ཕྱིར་ཐོོན་པས་དྲི་མ་དང་བྲལ་བར་བསམ་སྟེ་བཟླ་བའོོ། །ཡང་སེམས་ཅན་ཐམས་ཅད་རང་གི་སྙིང་གར་གསལ་འདེབས་མི་བདེ་ན། རང་གི་སྤྱི་བོོའི་རྡོོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུྃ་སྔགས་འཕྲེང་དང་བཅས་པ་ལས། འོོད་ཟེར་དཔག་ཏུ་མེད་པ་སྤྲོོས་པའི་སྣེ་མོོར་རྡོོ་རྗེ་སེམས་དཔའ་ཡབ་ཡུམ་ཟུང་རེ་རེ་སྤྲོོས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྤྱི་བོོར་ཞུགས་ནས་བདུད་རྩི་སྔར་ལྟར་བབས་པའི་དམིགས་པ་གོང་བཞིན་བྱས་ནས་བཟླ་བའོོ། །
According to the method of the downward chase, visualize that all sentient beings, including yourself in your ordinary form, are present at your heart, and that the mass of your downfalls, negative acts, and obscurations rests at your heart like black eggs of dust. A stream of nectar flows down from the heart of Vajrasattva and strikes those black eggs; just as a violent torrent of water strikes a mound of dust, it disintegrates those black eggs of obscurations. Visualize that they then exit through your sensory gates and pores as before, and that you are free from all stains; then recite the mantra.
If it is not convenient to visualize all sentient beings at your heart, then from the HŪṂ syllable and mantra garland at the heart of the Vajrasattva on the crown of your head, emanate infinite light rays. At the end of each ray, emanate a pair of Vajrasattva and consort. Visualize them entering the crown of the heads of all sentient beings, and then perform the visualization of the nectar flowing down as before; then recite the mantra.

བཟླས་བྱའི་སྔགས་ཀྱི་དོོན་ལ། ༀ་ནི་གོང་དུ་བཤད་ཟིན་པ་ལྟར་དང་།
བཛྲ་སཏྭ་ནི་རྡོོ་རྗེ་སེམས་དཔའ། ས་མ་ཡ་ནི་དམ་ཚིག །མ་ནུ་པཱ་ལ་ཡ་ནི་རྗེས་སུ་སྐྱོངས། བཛྲ་སཏྭ་ཏེ་ནོོ་པཱ་ནི་རྡོོ་རྗེ་སེམས་དཔའ་ཉེ་བར། ཏིཥྛ་ནི་གནས་པར་མཛོོད། ཊིཊྚོོ་ནི་བརྟན་པ། མེ་ནི་བདག །བྷ་ཝ་ནི་དངོས་པོོ་རང་བཞིན་དུ་མཛོོད། སུ་ཏོོ་ཥྱོོ་མེ་བྷ་ཝ་ནི་བདག་ལ་ཤིན་ཏུ་དགྱེས་པའི་རང་བཞིན་དུ་མཛོོད། ཨ་ནུ་རཀྟོོ་མེ་བྷ་ཝ་ནི་བདག་ལ་རྗེས་སུ་ཆགས་པའི་རང་བཞིན་དུ་མཛོོད། སུ་པོོ་ཥྱོོ་མེ་བྷ་ཝ་ནི་བདག་ལ་ཤིན་ཏུ་རྒྱས་པའི་རང་བཞིན་དུ་མཛོོད། སརྦ་སིདྡྷི་མེ་པྲ་ཡཙྪ་ནི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་དུ་གསོོལ། སརྦ་ཀརྨ་སུ་ཙ་མེ་ནི་བདག་ལ་ལས་ཐམས་ཅད་སྩལ་དུ་གསོོལ། ཙིཏྟཾ་ཤྲཱི་ཡཾཾ་ཀུ་རུ་ནི་སེམས་ཀྱི་དཔལ་དུ་མཛོོད། ཧཱུྃ་ནི་ཐུགས་རྡོོ་རྗེའི་ས་བོོན། ཧ་ཧ་ཧ་ཧ་ཧོཿ ལྔས་ཡེ་ཤེས་ལྔ་མཚོོན། བྷ་ག་ཝན་ནི་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། བཛྲ་ནི་རྡོོ་རྗེ། མ་མེ་ནི་བདག །མུཉྩ་ནི་མ་དོོར་ཅིག །བཛྲ་བྷ་ཝ་ནི་རྡོོ་རྗེ་ཅན་གྱི་རང་བཞིན། མཧཱ་ས་མ་ཡ་སཏྭ་ནི་དམ་ཚིག་སེམས་དཔའ་ཆེན་པོོ། ཨཱཿ ནི་གསུང་རྡོོ་རྗེའི་ས་བོོན་ཡིན་ལ། ཆོས་ཐམས་ཅད་སྐྱེ་བ་མེད་པ་མཚོོན། ཧཱུྃ་གིས་བདེ་བ་ཆེན་པོོའི་ཡེ་ཤེས་མཚོོན། ཕཊ་ཀྱིས་བདེ་སྟོོང་དབྱེར་མེད་པའི་ཡེ་ཤེས་གསལ་བར་བྱེད་ཅིང་། དེའི་མི་མཐུན་ཕྱོོགས་ཀྱང་འཇོམས་པར་བྱེད་དེ། ཕཊ་ནི་འཇོམས་བྱེད་དགྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་རོོ། །
As for the meaning of the mantra to be recited:

བཟླས་པའི་མཐར། རང་དང་སེམས་ཅན་ཐམས་ཅད་ཀྱིས་རང་རང་གི་སྤྱི་བོོའི་རྡོོ་རྗེ་སེམས་དཔའ་ལ་མགྲིན་གཅིག་ཏུ་བརྗོད་པར་མོོས་ལ། མངོན་བརྗོད་ནས་གསུངས་པའི་ཚིགས་བཅད། བདག་ནི་མི་ཤེས་སོོགས་ཀྱིས་གསོོལ་བ་བཏབ་པས། རྡོོ་རྗེ་སེམས་དཔའ་དེ་དག་གང་གི་སྤྱི་བོོར་བཞུགས་པའི་སེམས་ཅན་དེ་དག་ལ་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་གོ །ཞེས་ལྷང་ལྷང་གསུངས་ནས་རང་དང་སེམས་ཅན་ཐམས་ཅད་སོོ་སོོ་ལ་ཐིམ་པས། རང་གཞན་གྱི་ལུས་ངག་ཡིད་གསུམ་དང་རྡོོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་པར་བསམ་མོོ། །

དེ་ལྟར་རྡོོར་སེམས་བསྒོམ་བཟླས་བྱེད་པ་ལ། སྡིག་པའི་གཉེན་པོོ་སྟོོབས་བཞི་ཚང་ཚུལ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱ་བ་རྟེན་གྱི་སྟོོབས། བསྒོམ་བཟླས་དངོས་ནི་གཉེན་པོོ་ཀུན་ཏུ་སྤྱོོད་པའི་སྟོོབས། བདག་ནི་མི་ཤེས་སོོགས་ཀྱི་དོོན་ལྟར་གསོོལ་བ་བཏབ་པ་ནི་རྣམ་པར་སུན་འབྱིན་པའི་སྟོོབས། སླན་ཆད་སྡིག་པ་མི་བྱེད་པར་སྡོོམ་སེམས་བྱ་བ་ནི་ཉེས་པ་ལས་སླར་ལྡོོག་པའི་སྟོོབས་ཏེ། ཕྱི་མ་འདི་ཤུགས་ལ་བསྟན་པའོོ། །འདི་ཡན་ཆད་ཐུན་གྱི་མགོར་ཇི་ལྟར་བྱ་བའི་ཚུལ་བཤད་ཟིན་ཏོོ།


Up a level: What to do at the start of the session