How to bless the offerings for the self-generation

རང་གི་མདུན་དུ་པུས་མོོ་གཡས་ངོས་ཀྱི་ཐད་ནས་མགོ་བརྩམས་ཏེ། མཆོད་པ་ཆུ་གཉིས་སྔོན་དུ་འགྲོ་བའི་དྲི་ཆབ་སོོགས་ཉེར་སྤྱོོད་ལྔ་རོོལ་མོོ་དང་བཅས་པ་བཅུ་གསུམ་བཤམ་མམ། མ་འགྲུབ་ན། ཅི་འབྱོོར་བཞིན་བཤམས་ལ། དེར་དམིགས་ཏེ། བསངས་སྦྱངས་བསྐྱེད་ནས་བྱིན་གྱིས་བརླབ་ཚུལ་སྔོན་འགྲོའི་མཆོད་པའི་སྐབས་ལྟར་བྱ།
In front of oneself, starting from one's right knee, arrange thirteen offerings: two waters, the five material offerings of scented water and so forth, as well as musical instruments. If not available, set out what one can afford. Observing those, do the purification and blessings just like on the occasion of the preliminary offerings.

སྐབས་འདིར་མཎྜལ་ཞུ་འབུལ་བྱེད་པ་ཚོོགས་འདོོན་གྱི་ཕྱག་ལེན་ལ་ཡོོད་ཀྱང་། མ་བྱས་པས་ཆོ་ག་ཆད་པའི་སྐྱོན་དུ་མི་འགྱུར་རོོ།
At this point, there is the practice of offering a mandala during group recitations; however, if this is not done, there is no fault of omission from the ritual.

འབུལ་རྒྱུའི་མཎྜལ་དེ་ལ་ཚོོམ་བུའི་གྲངས་མི་འདྲ་བ་དུ་མ་ཡོོད་པ་ནི།
Regarding the mandala to be offered, there are many different number of heaps:

The thirty-seven heaps: ཚོོམ་བུ་སོོ་བདུན་མ་ནི།

The twenty-five heaps: ཚོོམ་བུ་ཉེར་ལྔ་མ་ནི།

The nine heaps: ཚོོམ་བུ་དགུ་མ་ནི།

The seven heaps: ཚོོམ་བུ་བདུན་མ་ནི།

སྤྱིར་མཎྜལ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་‘མཎྜལ’་བཞི་ལས།
In general there are four types of mandala:

  1. Outer ཕྱི།
  2. Inner ནང་།
  3. Secret གསང་བ།
  4. Suchness དེ་ཁོ་ན་ཉིད།

ཕྱིའི་‘མཎྜལ’་ནི། རི་རབ་གླིང་བཞི་སོོགས་གོང་གི་ཚོོམ་བུའི་གྲངས་ཅི་རིགས་ལྟར་བློོས་གསལ་བཏབ་སྟེ། དེ་དག་རེ་རེའི་སྟེང་དུ་པདྨའི་སྡོོང་པོོ་ཡལ་ག་ཉི་ཤུ་རྩ་ལྔ་པ་རེ་རེ། ཡལ་ག་རེ་རེའི་སྟེང་དུ་ཀུན་ཏུ་བཟང་པོོ་ཕྱག་གཉིས་ཐལ་མོོ་སྦྱར་བའི་བར་ན་ཡིད་བཞིན་གྱི་ནོོར་བུ་བསྣམས་པ་རེ་རེ། དེ་དག་རེ་རེའི་ལྟེ་བ་ནས་པདྨའི་སྡོོང་པོོ་ཡལ་ག་ཉི་ཤུ་རྩ་ལྔ་པ་རེ་རེ། ཡལ་ག་རེ་རེའི་སྟེང་དུ་ཡང་ཀུན་ཏུ་བཟང་པོོ་སྔར་དང་འདྲ་བ་རེ་རེ་སོོགས་ཇེ་མང་ཇེ་མང་དུ་སྤྲོོས་པས་ནམ་མཁའ་གང་བར་བསམས་ལ། དེ་རྣམས་ཀྱི་སྟེང་དུ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་སྤུངས་པར་མོོས་ཏེ་འབུལ་བའོོ།
Outer mandala: Mentally visualise any number of the previously mentioned heaps, such as Mount Meru and the four continents. Upon each of these, imagine a lotus tree with twenty-five branches. On every branch, there is a Samantabhadra holding a wish-fulfilling jewel between his joined palms. From the navel of each of those, imagine another lotus tree with twenty-five branches emerging. On each of those branches, there is another Samantabhadra just like the previous ones. In this way, imagine them multiplying further and further until they completely fill the entirety of space. Then, offer them while imagining that all the roots of virtue accumulated throughout the three times by yourself and all other sentient beings are heaped upon them.

ནང་གི་མཎྜལ་ནི། རང་གི་ལུས་ཀྱི་ཤ་པགས་ལྷུ་ཚིགས་སོོགས་བློོས་སོོ་སོོར་བཤིག་སྟེ།
པགས་པ་གསེར་གྱི་ས་གཞི། བྲང་ཁོག་རི་རབ། སོོག་དཔྱི་གླིང་བཞི་སོོགས་སུ་བསྒྱུར་བར་མོོས་ནས་འབུལ་བའོོ།
Inner mandala: By mentally taking apart the flesh, skin, and joints of one's own body, imagine the skin as the golden ground, the chest as Mount Meru, and the shoulder blades and hips as the four continents. One then makes the offering through such a visualisation.

གསང་བའི་མཎྜལ་ནི། རང་རྒྱུད་ཀྱི་ལྷན་སྐྱེས་བདེ་ཆེན་ཧཱུྃ་ཡིག་ཏུ་གྱུར་ཏེ་ཧཱུྃ་དེ་ཡང་རི་རབ་གླིང་བཞི་སོོགས་སུ་བསྒྱུར་བར་མོོས་ཏེ་འབུལ་ལོོ།
Secret mandala: One offers by imagining that the innate great bliss of one's own continuum manifests as the syllable HŪṂ, which then transforms into Mount Meru, the four continents, and so forth.

དེ་ཁོ་ན་ཉིད་ཀྱི་མཎྜལ་ནི། ལྷན་སྐྱེས་ཀྱི་བདེ་བ་དེས་རང་བཞིན་མེད་པའི་སྟོོང་ཉིད་ཡུལ་དུ་བྱས་ཏེ་ཡུལ་ཅན་བདེ་བ་ཆེན་པོོའི་ཡུལ་སྟོོང་ཉིད་རོོ་གཅིག་ཏུ་གྱུར་པའི་བདེ་སྟོོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་ཧཱུྃ་ཡིག་ཏུ་གྱུར་ཏེ་ཧཱུྃ་དེ་ཡང་རི་རབ་གླིང་བཞི་སོོགས་སུ་བསྒྱུར་བར་མོོས་ཏེ་འབུལ་ལོོ།
Suchness mandala: Innate bliss takes emptiness that is the lack of inherent existence as its object. The exalted wisdom of indivisible bliss and emptiness—the single taste of great bliss (object-possessor) and emptiness (its object)—transforms into the syllable HŪṂ. One visualises the HŪṂ transforming into Mount Meru, the four continents, and so forth, and is then offered.


Up a level: What to do at the start of the session