History of Yamantaka lineage
Initial spread in India རྒྱ་གར་དུ་ཐོོག་མར་དར་ཚུལ་ནི།
ཡུལ་དབུས་མ་ག་དྷའི་ཤར་ཉེའི་ཕྱོོགས་སུ་ཨོ་ཊི་བི་ཤའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་ཡུལ་དབུས་ཀྱི་ནཱ་ལེནྡྲར་བྱོོན་ནས་པཎྜི་ཏ་ཆེན་པོོར་གྱུར་པ་མཚན་ལཱ་ལི་ཏ་བཛྲ་སྟེ་རོོལ་པའི་རྡོོ་རྗེའམ་མིང་གཞན་འཇམ་དཔལ་མཚོོན་ཆ་དགེ་བསྙེན་ཞེས་བྱ་བ་དེས། འཇམ་དཔལ་མཚན་བརྗོད་ཀྱི་ནང་ནས། རྡོོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་སོོགས་གསུངས་པ་མཐོོང་ནས་རྡོོ་རྗེ་འཇིགས་བྱེད་ཀྱི་རྒྱུད་འབད་པས་བཙལ་ཀྱང་མ་རྙེད།
In the country of Oḍiviśa, located to the east of central Magadha, there was one born into a brahmin family who later went to Nalāndā in the central region and became a great scholar known as Lalitavajra (Rol pa’i rdo rje), also known by the name Upāsaka Mañjuśrīśāstra. While reading the Mañjuśrīnāmasamgīti, he encountered the passage: “Vajrabhairava, the terrifying one.” Having seen this, he searched diligently for the Vajrabhairava Tantra but was unable to find it.
ཕྱིས་སུ་རྣམ་སྣང་སྒྱུ་དྲ་ནས་བཤད་པའི་འཇམ་དཔལ་བསྒྲུབས་ཏེ་ལོོ་ཉི་ཤུ་སོོང་བའི་སྐབས་སུ་འཇམ་དཔལ་གྱིས་ཞལ་བསྟན་ཏེ་བུ་ཁྱོད་ཨོ་རྒྱན་གྱི་ཡུལ་དུ་སོོང་ཞིག་རྡོོ་རྗེ་འཇིགས་བྱེད་ཀྱི་རྒྱུད་དེ་ན་ཡོོད་དོོ་གསུངས།
Later, he practiced the form of Mañjuśrī described in the Vairocanābhisambodhi Tantra. After twenty years, Mañjuśrī manifested to him and said: “O son, travel to the land of Oḍḍiyāna; the Vajrabhairava Tantra is located there.”
ལཱ་ལི་ཏས་འཇམ་དཔལ་གྱི་ལུང་བསྟན་ལྟར་ཨོ་རྒྱན་གྱི་ཡུལ་དུ་ཕྱིན་ཏེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟེ་རྡོོ་རྗེ་རོོ་ལངས་མ་ལས་གཤིན་རྗེ་གཤེད་ཀྱི་དབང་ཐོོབ། ཟླ་བ་གསུམ་གྱི་བར་དུ་བསྐྱེད་རྫོོགས་ཀྱི་རྣལ་འབྱོོར་བསྒོམས་པས་གྲུབ་པ་བརྙེས་ཤིང་། མཁའ་འགྲོ་མ་རྣམས་ལ་འཇིགས་བྱེད་ཀྱི་རྒྱུད་གདན་འདྲེན་པར་ཞུས་པས་གནང་བ་ཐོོབ་ནས་ཆོས་མཛོོད་དྷརྨ་གཉྫར་ཞག་བདུན་གྱི་བར་དུ་བཞུགས་ཏེ་གཤིན་རྗེའི་གཤེད་དགྲ་གདོོང་འཇིགས་གསུམ་གྱི་རྒྱུད་བློོར་བཟུང་བ་ནི། རྩ་རྒྱུད་རྟོོག་བདུན་དང་། བཤད་རྒྱུད་རྟོོག་གསུམ་དང་། ཏེའུ་ལོོའི་རྟོོག་པ་སྟེ་རྒྱུད་སྐོར་གསུམ་གྱི་ཚིག་དོོན་མ་ལུས་པ་བློོ་ལ་བཟུང་སྟེ་རྒྱ་གར་དུ་སླར་བྱོོན་ནས་དར་བར་མཛད།
Following Mañjuśrī’s prophecy, Lalitavajra went to Oḍḍiyāna and received the empowerment of Yamāntaka from the wisdom ḍākinī Vajravettālī. By meditating on the generation and completion stages for three months, he attained spiritual accomplishment. He then requested permission from the ḍākinīs to take the Vajrabhairava Tantra back with him. Upon receiving their consent, he stayed at the Dharma treasury known as Dharmagañja for seven days. There, he memorised the three cycles of the Vajrabhairava Tantra: the Root Tantra in Seven Chapters, the Explanatory Tantra in Three Chapters, and the Skunk Chapter. Having memorized the words and meanings of these three tantric cycles in their entirety, he returned to India and propagated them.
རྒྱུད་སྐོར་གསུམ་དེ་དག་གི་བརྗོད་བྱ་གང་སྟོོན་ཚུལ་ནི།
The way in which those three Tantra Cycles indicate their subject-matter:
- The Seven Chapters: རྟོོག་བདུན་གྱི་རྟོོག་པ་
- In the first chapter, the rituals of approximation and empowerment are taught
དང་པོོར་བསྙེན་པ་དང་དབང་བསྐུར་བའི་ཆོ་ག་གསུངས། - In the second, the ritual for arranging mantras such as the root mantra is taught
གཉིས་པར་རྩ་སྔགས་སོོགས་སྔགས་བཏུ་བའི་ཆོ་ག་གསུངས། - In the third, the way to accomplish the myriad activities of pacification and so forth by way of yantra (magic / exercises) is taught གསུམ་པར་འཁྲུལ་འཁོར་གྱི་སྒོ་ནས་ཞི་སོོགས་རབ་འབྱམས་ལས་བསྒྲུབ་ཚུལ་གསུངས།
- In the fourth, the cycles of sādhanas such as the forty-nine deities and the eight zombies are taught
བཞི་པར་ལྷ་ཞེ་དགུ་མ་དང་རོོ་ལངས་བརྒྱད་སྐོར་སོོགས་སྒྲུབ་ཐབས་ཀྱི་སྐོར་གསུངས། - In the fifth, the ritual for making drawings of deities and volumes of scriptures is taught
ལྔ་པར་བྲིས་སྐུ་དང་གླེགས་བམ་བཞེངས་པའི་ཆོ་ག་གསུངས། - In the sixth, the way to accomplish activities by way of fire offerings is taught
དྲུག་པར་སྦྱིན་བསྲེག་གི་སྒོ་ནས་ལས་བསྒྲུབ་ཚུལ་གསུངས། - In the seventh, the way to accomplish infinite activities based solely on meditative absorption is taught བདུན་པར་བསམ་གཏན་ཙམ་ལ་བརྟེན་ནས་ལས་མཐའ་ཡས་པ་བསྒྲུབ་ཚུལ་གསུངས།
- In the first chapter, the rituals of approximation and empowerment are taught
- In the Three Explanatory Tantras, yantra (magic / exercises) is indicated in detail
གཉིས་པ་བཤད་རྒྱུད་རྟོོག་པ་གསུམ་དུ་འཁྲུལ་འཁོར་གྱི་སྐོར་ཞིབ་ཏུ་གསུངས། - In the Skunk Tantra, the ways to accomplish activities by relying on substances such as the skin of a skunk are taught
གསུམ་པར་ཏེའུ་ལོོའི་རྟོོག་པར་སེམས་ཅན་ཏེའུ་ལོོའི་པགས་པ་སོོགས་རྫས་ལ་བརྟེན་པའི་ལས་བསྒྲུབ་ཚུལ་རྣམས་གསུངས་སོོ།
རྒྱུད་དེ་རྣམས་ལ་དགོངས་འགྲེལ་གྱི་བསྟན་བཅོས་བྱུང་ཚུལ་ནི།
The way in which treatises commenting on the thought of these tantras arose:
- In India, there were those composed by the Great Accomplished Master Śrīdhara, Acharya Akṣobhyavajra, Vajrasiddhi, Sonaśrī, Śāntijñāna, Lalitavajra, Līlāvajra, Śāntipa, and others.
རྒྱ་གར་གྲུབ་ཆེན་དཔལ་འཛིན། སློོབ་དཔོོན་མི་བསྐྱོད་རྡོོ་རྗེ། རྡོོ་རྗེ་གྲུབ་པ། སོོ་ན་ཤྲི། ཞི་བའི་ཡེ་ཤེས། ལཱ་ལི་ཏ་བཛྲ། ལི་ལ་བཛྲ། ཤནྟི་པ་སོོགས་ཀྱིས་མཛད་པ་དང་། - In Tibet, there are many such as the triad of Ra, Kyo, and Zhang, the duo of Mal and Nyö, and so forth.
བོོད་དུ་རྭ་སྐྱོ་ཞང་གསུམ། མལ་གཉོས་གཉིས་སོོགས་ཀྱིས་མཛད་པ་དུ་མ་ཡོོད།
Up a level: Tantra