Pure exalted wisdom yoga
གཉིས་པ་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ནི། དེ་ལྟ་བུའི་རྣལ་འབྱོར་པ་དེས་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་དོན་གྱི་འོད་གསལ་འགྲུབ་ཏུ་ཉེ་བའི་མཚན་མ་མཐོང་བ་ན། ཕྱིའི་རྐྱེན་ལས་རྒྱ་དང་སྙོམས་པར་འཇུག་བཞིན་པའི་ངང་ནས། ནང་གི་རྐྱེན་བསམ་གཏན་གཉིས་ཀྱི་སྡུད་རིམ་སྦྲག་སྟེ་བསྒོམས་པ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་ལ། ཐིམ་པའི་རྟགས་སུ་སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འཆར། དེས་ལུགས་འབྱུང་གི་ཉེར་ཐོབ་འགགས་པ་དང་། རིམ་པ་
གསུམ་པའི་མ་དག་པའི་སྒྱུ་མའི་སྐུ་དབྱིབས་ཀྱི་རྣལ་འབྱོར་ཞེས་བྱ་བ་དེ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དོན་གྱི་འོད་གསལ་དུ་དག་པ་དང་། ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་དང་། རང་རྒྱུད་ལྡན་གྱི་གང་ཟག་འཕགས་པར་སོང་བ་དང་། ཉོན་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་ཐོབ་པ་ལྔ་དུས་མཉམ་དུ་འབྱུང་བ་ཡིན་ནོ།
Up a level: The sequence of progressing on the path