Property of the position (Jetsunpa)
རང་ཉིད་སྒྲ་མི་རྟག་པར་སྒྲུབ་པ་ལ་རྟགས་ཚུལ་དང་པོར་སོང་བའི་གང་ཟག་གིས། རང་ཉིད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ།
རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་མཚན་ཉིད།
Definition of being the property of the position in the proof that sound is impermanent:
That ascertained by valid cognition as categorically existing on the basis of sound in accordance with the mode of statement by the person for whom it holds as the first mode of the sign in the proof that sound is impermanent.
ཕྱོགས་ཆོས་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ཡོད་པ་ཞེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་བཞིན་དུ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པ་གཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
The subject – stating the word “existent” as part of the explained definition of property of the position – there is a purpose because it is in order to exclude “product” from being a non-established reason in the proof that sound is impermanent; like the proof that sound is impermanent using the sign “apprehended-object of an eye-consciousness”.
དེའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ཉིད་ཅེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། མཚན་མོ་ལོ་མ་འཁུམས་ཏེ་ཉལ་བའི་རྟགས་ཀྱིས་ཤིང་སེམས་ལྡན་དུ་སྒྲུབ་པ་བཞིན་དུ། བྱས་པ་སྒྲ་མཐའ་དག་གི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པ་གཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
The subject – stating the word “categorically” as part of the explained definition of that – there is a purpose because it is in order to eliminate “product” from not being established on the basis of all sounds in accordance with the mode of statement; like the proof that plants are mind-possessors using the sign “folding their leaves to sleep at night”.
དེའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ཉིད་ཡོད་པའི་སྔར་མ་སྨོས་པར་ཕྱིས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་སུ་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
The subject – not stating the word “categorically/only” before “existent” but rather stating it after as part of the explained definition of that– there is a purpose because it is in order to indicate “product” to be the property of the position in the proof that sound is impermanent.
དེའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་པ་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་ན། རང་ཉིད་སྒྲ་མི་རྟག་པར་བསྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེས། རང་ཉིད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་གཅིག་དགོས་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
The subject – stating the word “ascertained” as part of the explained definition of that – there is a purpose because it is in order to understand that if it is the property of the position in the proof that sound is impermanent, then it is necessarily something that the debater for whom it holds as the property of the position in the proof that sound is impermanent has ascertained by valid cognition to categorically exist on the basis of sound in accordance with the mode of statement.
Up a level: Three modes in Pramanavartika (Jetsunpa) / Three Modes