The three collections
See: Terms, phrases, and letters
The three collections are: ཚོགས་གསུམ་བཞག་ཏུ་ཡོད་དེ།
- Collection of terms: The collection of multiple temporally sequential terms
མིང་སྐད་ཅིག་སྔ་ཕྱི་དུ་མ་ཚོགས་པའི་འཚོགས་པ་མིང་གི་ཚོགས། - Collection of phrases: The collection of multiple temporally sequential phrases
ཚིག་སྐད་ཅིག་སྔ་ཕྱི་དུ་མ་ཚོགས་པའི་ཚོགས་པ་ཚིག་གི་ཚོགས། - Collection of letters: The collection of multiple temporally sequential letters
ཡི་གེ་སྐད་ཅིག་སྔ་ཕྱི་དུ་མ་ཚོགས་པའི་ཚོགས་པ་ཡི་གེའི་ཚོགས་ཡིན་པའི་ཕྱིར།
ཚོགས་གསུམ་པོ་གང་རུང་ལ་ལྡན་མིན་འདུ་བྱེད་ཀྱིས་ཁྱབ།
If it is any of the three collections, then it is pervaded by being a non-concomitant compositional factor.
མིང་ཚིག་ཡི་གེ་གསུམ་གང་རུང་ལ་རྗོད་བྱེད་ཀྱི་སྒྲས་ཁྱབ་སྟེ། སློབ་དཔོན་རྒྱལ་པོ་སྲས་ཀྱི། དེ་ལྟར་ན་མིང་ནི་རང་གི་མཚན་ཉིད་བརྗོད་པར་བྱེད་པ་ཡིན་ལ། ཚིག་ནི་བྱ་བ་ལ་སོགས་པའི་འབྲེལ་བའི་ཁྱད་པར་རྗོད་པར་བྱེད་པ་ཡིན་ནོ། །ཡི་གེ་ནི་མིང་ཚིག་གི་གཞིར་གྱུར་པ་སྟེ། ཡིད་ཡུལ་ན་སྣང་བའི་ཀ་ལ་སོགས་པའོ། །ཞེས་གསུངས།
If it is any of the three of terms, phrases, and letters, then it is pervaded by being expressive-sound because Acarya Yaśomitra says: "As such, terms are expressers of own-characteristics; phrases are expressers of particular relationships such as actions and so forth. Letters are the basis for terms and phrases; they are conceived of as ka and so forth [i.e. the alphabet]."
ཚོགས་གསུམ་པོ་འདོད་པ་དང་གཟུགས་སུ་གཏོགས་ཀྱི་གཟུགས་མེད་དུ་མ་གཏོགས་ཏེ། དེ་ན་སྒྲ་མེད་པའི་ཕྱིར།
The three collections are included within the Desire and Form Realms; they are not included in the Formless Realm because sound does not exist there.
They possess three characteristics: ཁྱད་ཆོས་གསུམ་དང་ལྡན་ཏེ།
- They are indicative to sentient beings སེམས་ཅན་དུ་སྟོན་པ།
- Arise from their concordant cause རྒྱུ་མཐུན་ལས་བྱུང་བ།
- Are non-obscured unspecified མ་སྒྲིབ་ལུང་མ་བསྟན་ཡིན་པའི་ཁྱད་པར་དང་ལྡན་པའི་ཕྱིར།
Up a level: Non-concomitant compositional factors