Six Causes
ཕན་འདོགས་པར་བྱེད་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བ། རྒྱུའི་མཚན་ཉིད།
Definition: That distinguished by abiding in the class of acting to benefit.
རིགས་གནས་སྨོས་པ་ལ་དགོས་པ་ཡོད་དེ། བྱེད་རྒྱུ་སྡུད་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
There is a purpose in saying "abiding in the class": In order to include acting causes.
Divisions:
- Acting cause བྱེད་རྒྱུ།
- Simultaneously arising cause ལྷན་ཅིག་འབྱུང་བའི་རྒྱུ།
- Homogeneous cause སྐལ་མཉམ་གྱི་རྒྱུ།
- Concomitant cause མཚུངས་ལྡན་གྱི་རྒྱུ།
- Omnipresent cause ཀུན་འགྲོའི་རྒྱུ།
- Fruitional cause རྣམ་སྨིན་གྱི་རྒྱུ།
Categorisation:
- Common causes: Acting causes
- Unique causes:
- Simultaneous causes: Simultaneously-arising + concomitant causes
- Non-simultaneous causes: Homogeneous, Omnipresent, Fruitional causes
Difference between simultaneously-arising and concomitant causes: ལྷན་མཚུངས་ཀྱི་རྒྱུ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན་ཡོད་དེ།
- Posited as simultaneously-arising causes due to arising simultaneously in terms of being each others' effects
ཕན་ཚུན་འབྲས་བུར་གྱུར་པའི་སྒོ་ནས་དུས་མཉམ་དུ་འབྱུང་བས་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་བཞག - Posited as concomitant causes due to arising in concomitance by way of the five aspects of concomitance
མཚུངས་ལྡན་ལྔས་མཚུངས་པར་འབྱུང་བས་མཚུངས་ལྡན་གྱི་རྒྱུ་ཞེས་བཞག་པའི་ཕྱིར།
རྒྱུ་དྲུག་པོ་འདི་བྱེ་བྲག་སྨྲ་བ་ཁོ་ནའི་འདོད་པ་ཡིན་གྱི་མདོ་སྡེ་པ་ཡན་ཆད་ཀྱིས་བྱེད་རྒྱུ་ལྷན་ཅིག་འབྱུང་བའི་རྒྱུ། མཚུངས་ལྡན་གྱི་རྒྱུ་རྣམས་ཁས་མི་ལེན་ཏེ། དེ་ཡན་ཆད་ཀྱིས་རྒྱུ་འབྲས་དུས་མཉམ་ཁས་མི་ལེན་པའི་ཕྱིར།
The six causes is only asserted by the Vaibhashikas; Sautrantikas and above do not assert acting, simultaneously-arising, and concomitant causes because they do not assert simultaneous causes and effects.
སྤྱིར་རྒྱུ་དྲུག་མི་འགལ་ཏེ། གཞི་གྲུབ་ན་བྱེད་རྒྱུ་ཡིན་དགོས་པའི་ཕྱིར།
In general, the six causes are not mutually exclusive because if it is an established-basis, then it is necessarily an acting cause.
འོན་ཀྱང་འབྲས་བུ་གཅིག་ལ་ལྟོས་ན། རྣམ་སྨིན་སྐྱེས་ཀྱི་སེམས་ལྟ་བུའི་རྣམ་སྨིན་གྱི་རྒྱུ་དང་དེའི་ལྷན་ཅིག་འབྱུང་བའི་རྒྱུ་གཉིས་འགལ་ཏེ། དེའི་རྣམ་སྨིན་གྱི་རྒྱུ་དེ་དེའི་དུས་ན་འདས། དེའི་ལྷན་ཅིག་འབྱུང་བའི་རྒྱུ་དེ་དེ་དང་དུས་མཉམ་དུ་ཡོད་པའི་ཕྱིར།
However, in relation to a single result: the ripening cause and the simultaneously-arising cause of a mind of a fruitional birth (for example) are mutually exclusive because its fruitional causes is past in relation to it whereas its simultaneously-arising cause is simultaneous with it.
དེ་བཞིན་དུ་དེའི་སྐལ་མཉམ་གྱི་རྒྱུ་དང༌། དེའི་ཀུན་འགྲོའི་རྒྱུ་གཉིས། ཉོན་མོངས་ཅན་གྱི་སེམས་ལྟ་བུའི་ཀུན་འགྲོའི་རྒྱུ་དེའི་ལྷན་མཚུངས་ཀྱི་རྒྱུ་གཉིས་འགལ་ཏེ། རྒྱུ་མཚན་དེའི་ཕྱིར།
Similarly, for its homogeneous cause and omnipresent cause: the homogeneous cause and omnipresent cause of an afflicted mind (for example) are mutually exclusive for the same reason.
Up a level: Abhidharma