Generosity

མཆོད་པའམ་ཕན་གདགས་པ་སོགས་ཀྱི་ཀུན་ནས་བསླངས་ཏེ། བདག་པོའི་དངོས་པོ་གཏོང་བར་བྱེད་པས་རབ་ཏུ་ཕྱེ་བའི་ལུས་ངག་ཡིད་གསུམ་གྱི་ལས་གང་རུང་གིས་བསྡུས་པའི་དགེ་བར་དམིགས་པ། སྐབས་འདིར་བསྟན་གྱི་སྦྱིན་པའི་མཚན་ཉིད་ཡིན།
Definition in this context: That observed as a virtue included in actions of either body, speech, or mind that are distinguished by the giving of an owned thing motivated by offering, benefitting, and so forth.

གྲུབ་མཐའ་གོང་མས། གཏོང་བའི་སེམས་མཚུངས་ལྡན་དང་བཅས་པས་རབ་ཏུ་ཕྱེ་བའི་སེམས་བྱུང་དུ་དམིགས་པ། སྦྱིན་པའི་མཚན་ཉིད་དུ་བྱེད།
Definition in higher tenets: That observed as a mental factor distinguished by the mind of giving and its concomitants.

སྦྱིན་འབྲས་བཞག་ཏུ་ཡོད་དེ། ལོངས་སྤྱོད་ཆེན་པོ་འབྱུང་བའི་ཕྱིར།
The result of generosity is the arising of great wealth / enjoyments.

Divisions: དེ་ལ་དབྱེ་ན།

  1. Generosity only for one's own welfare བདག་ཁོ་ནའི་དོན་དུ་སྦྱིན་པ།
    e.g. an ordinary being making offering to a stupa
    སྐྱེ་བོས་མཆོད་རྟེན་དུ་ཕུལ་བ་ལྟ་བུ།
  2. Generosity only for others' welfare གཞན་ཁོ་ནའི་དོན་དུ་སྦྱིན་པ།
    e.g. an Arya separated from attachment making offerings for the benefit of all sentient beings
    འཕགས་པ་ཆགས་བྲལ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕུལ་བ་ལྟ་བུ།
  3. Generosity for the welfare of both self and others རང་གཞན་གཉིས་ཀའི་དོན་དུ་སྦྱིན་པ།
    e.g. an Arya with attachment making offerings for the benefit of all sentient beings
    འཕགས་པ་ཆགས་བཅས་ཀྱིས་སྐྱེ་བོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པ་ལྟ་བུ།
  4. Generosity for the welfare of neither self or others བདག་གཞན་གཉིས་ཀ་མ་ཡིན་པའི་དོན་དུ་སྦྱིན་པ་ལྟ་བུ།
    e.g. an Arya separated from attachment making offerings to a stupa
    འཕགས་པ་ཆགས་བྲལ་གྱིས་མཆོད་རྟེན་ལ་ཕུལ་བ་ལྟ་བུ།

Mode of giving:


Up a level: Fifteen divisions of karma