Fruitional result

རང་གི་རྒྱུར་གྱུར་པའི་མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་གི་ཕྱིས་བྱུང་ཞིང་རྒྱུད་ཀྱིས་བསྡུས་པའི་སྒོ་ནས་མ་སྒྲིབ་ལུང་མ་བསྟན་གྱི་ཆོས་སུ་དམིགས་པ། རྣམ་སྨིན་གྱི་འབྲས་བུའི་མཚན་ཉིད།
Definition: That observed as a non-obscuring unspecified phenomenon that:

  1. Arises subsequently to either the non-virtue or contaminated virtue that is its cause; and
  2. Is included within the continuum.

རྣམ་སྨིན་གྱི་འབྲས་བུ་ཡིན་ན་ཁྱད་པར་གསུམ་ལྡན་ཡིན་དགོས་ཏེ།
If it is a fruitional result, then it necessarily possesses three attributes:

  1. Being non-obscuring unspecified མ་སྒྲིབ་ལུང་མ་བསྟན་ཡིན་པ།
  2. Being included within the continuum རྒྱུད་ཀྱིས་བསྡུས་པ་ཡིན་པ།
  3. Being arising subsequently to its fruitional cause རང་གི་རྣམ་སྨིན་གྱི་རྒྱུའི་ཕྱིས་བྱུང་བ་ཡིན་པ་དགོས་པའི་ཕྱིར།

རྣམ་སྨིན་ཡིན་ན་དགེ་བ་ཡིན་མི་དགོས་ཏེ། དགེ་རྩ་ཆད་པའི་སེམས་ཅན་ཡིན་ན་རྣམ་སྨིན་རྒྱུད་ལྡན་ཡིན་དགོས་པའི་ཕྱིར།
If it is a fruition, then it is not necessarily virtue because if it is a sentient being that has severed virtuous-roots, then they necessarily possess fruitions in their continuum.

རྣམ་སྨིན་ཡིན་ན་མི་དགེ་བ་ཡིན་མི་དགོས་ཏེ། དགྲ་བཅོམ་པའི་སྲོག་ཡིན་ན་རྣམ་སྨིན་ཡིན་དགོས་པའི་ཕྱིར། སྲོག་དབང་ཡིན་ན་རྣམ་སྨིན་ཡིན་དགོས་པའི་ཕྱིར་ཏེ། སྲོག་ནི་རྣམ་སྨིན་ཞེས་གསུངས་བའི་ཕྱིར།
If it is a fruition, then it is not necessarily non-virtue because if it is the life of a Foe-Destroyer, then it is necessarily a fruition; because if it is a life-faculty, it is necessarily a fruition; because it says "Life is a fruition."


Up a level: Five Results