Differentiating those included and not included in the continuum
ཐོབ་པ་གང་དང་གང་རང་གི་ཐོབ་བྱའི་ཆོས་གང་གི་རྒྱུད་ཀྱིས་བསྡུས་པ། དང་པོ་རྒྱུད་གཅིག་པའི་གང་ཟག་གི་རྒྱུད་ཀྱིས་བསྡུས་པ་ཡིན་ཏེ། གཞན་རྒྱུད་ཀྱི་ཐོབ་པ་ལ་དེ་ལས་རྒྱུད་གཞན་པ་གཅིག་དེའི་རྒྱུད་ལ་འབྱུང་ན་ཧ་ཅང་ཐལ་བའི་ཕྱིར། དཔེར་ན་ལས་མ་བྱས་པ་དང་ཕྲད་པ་བཞིན་ནོ།
ཐོབ་པ་ཡིན་ན་རང་གི་ཐོབ་བྱའི་ཆོས་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ཀྱིས་བསྡུས་པས་མ་ཁྱབ་སྟེ། ལམ་ལྔ་པོ་གོང་མ་གོང་མ་ལ་གནས་པའི་གང་ཟག་གི་རྒྱུད་ལ་འོག་མ་འོག་མའི་ཐོབ་པ་ཡོད་པའི་ཕྱིར།
ཐོབ་བྱའི་ཆོས་ཡིན་ན་རྒྱུད་ཀྱིས་བསྡུས་པས་མ་ཁྱབ་སྟེ། འགོག་པ་གཉིས་སྐྱེས་བུའི་རྒྱུད་ཀྱིས་མ་བསྡུས་པའི་ཕྱིར་ཏེ།
ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་པ་རྣམས་ཀྱིའོ་འགོག་གཉིས་ཀྱི། །ཞེས་གསུངས།
འགོག་པ་གཉིས་ཀྱི་ཐོབ་པ་ནི། སྐྱེས་བུའི་རྒྱུད་ཀྱིས་བསྡུས་ཏེ། སོ་སོར་བརྟགས་མིན་གྱི་འགོག་པ་ནི། སེམས་ཅན་ཐམས་ཅད་དང་ལྡན། སོ་སོར་བརྟགས་འགོག་ནི། སོ་སྐྱེ་
དང་འཕགས་པ་སྐད་ཅིག་དང་པོ་མ་གཏོགས་འཕགས་པ་ཐམས་ཅད་དང་ལྡན་པའི་ཕྱིར།
དེས་ན་འགོག་པ་གཉིས་རྒྱུད་ཀྱིས་མ་བསྡུས་ཀྱང༌། དེ་གཉིས་ཀྱི་དགག་བྱ་རྒྱུད་ཀྱིས་བསྡུས་པས་དེ་གཉིས་ཀྱི་ཐོབ་པ་དང་མ་ཐོབ་པ་གཉིས་ཀ་རྒྱུད་ཀྱིས་བསྡུས་པ་ཡོད་དོ།
Up a level: Attainment and Non-attainment