Differentiating special cases

དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་གསུངས་པ་དེ་ཁྱབ་པ་འཛིན་པ་མ་ཡིན་ཏེ། མ་སྒྲིབ་ལུང་མ་བསྟན་གྱི་ཐོབ་པ་རང་དང་ལྷན་ཅིག་སྐྱེའི། རང་གི་སྔ་ཕྱིར་མི་སྐྱེ་པའི་ཕྱིར། མ་སྒྲིབ་ལུང་མ་བསྟན་ཡིན་ན་རང་གི་ཐོབ་པ་རང་དང་ལྷན་ཅིག་སྐྱེ་བས་མ་ཁྱབ་སྟེ། མིག་དང་རྣ་བའི་མངོན་ཤེས་དང༌། །སྤྲུལ་སེམས་ལྟ་བུ་ལ་ཐོབ་པ་དུས་གསུམ་པ་ཡོད་པའི་ཕྱིར་ཏེ། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །མངོན་ཤེས་སྤྲུལ་པ་མ་གཏོགས་པར། །ཞེས་གསུངས།


Up a level: Attainment and Non-attainment