Absorption of cessation
རང་གི་དགག་གཞིར་གྱུར་པའི་གཟུགས་ཀྱི་སྟེང་དུ་རང་གི་དགག་བྱར་གྱུར་བའི་མཚུངས་ལྡན་འཁོར་བཅས་བཀག་པའི་འཕགས་རྒྱུད་ཀྱི་སྙོམས་འཇུག་ཀྱང་ཡིན། ལྡན་མིན་འདུ་བྱེད་ཀྱང་ཡིན་པའི་གཞི་མཐུན་པར་གྱུར་པའི་རང་སྐྱ་ཐུབ་པའི་རྫས་ཡོད་དུ་དམིགས་པ། འགོག་པའི་སྙོམས་འཇུག་གི་མཚན་ཉིད།
Definition: That observed as a self-sufficient substantial-existent that is the common locus of being:
- An absorption in an Arya's continuum that ceases concomitants and retinue (its object of negation) on the basis of form (its basis of negation); and
- A non-concomitant compositional factor.
This absorption has seven distinguishing features: སྙོམས་འཇུག་འདི་ཆོས་ཅན། ཁྱད་ཆོས་བདུན་དང་ལྡན་ཏེ།
- Mode of negating object of negation: Ceasing concomitants and retinue (its object of negation) on the basis of form (its basis of negation)
དགག་བྱ་འགོག་ཚུལ་གྱི་ཁྱད་པར། རང་གི་དགག་གཞིར་གྱུར་པའི་གཟུགས་ཀྱི་སྟེང་དུ་རང་གི་དགག་བྱར་གྱུར་པའི་མཚུངས་ལྡན་འཁོར་བཅས་བཀག་པ། - Attitude or motivation: Entered with the intention to pacify coarse feelings and discriminations
ཡིད་དམ་ཀུན་སློང་གི་ཁྱད་པར་ཚོར་འདུ་རགས་པ་ཞི་བར་འདོད་པའི་བསམ་པས་ཞུགས་པ། - Level: Included in the level of the Peak of Existence; in dependence upon cultivating this one is born in the Peak of Existence
སའི་ཁྱད་པར་སྲིད་རྩེའི་སར་གཏོགས་པ་སྟེ། འདི་བསྒོམས་པ་ལ་བརྟེན་ནས་སྲིད་རྩེར་སྐྱེ་བ། - Nature: It is virtuous
ངོ་བོའི་ཁྱད་པར་དགེ་བ་ཡིན་པ། - Function: Absorption of cessation that will be experience in the next life, in a later life, and indefinite to be experienced (3)
བྱེད་ལས་ཀྱི་ཁྱད་པར་སྐྱེ་གནས་མྱོང་འགྱུར་གྱི་འགོག་སྙོམས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་འགོག་སྙོམས། རྣམ་སྨིན་མྱོང་བར་མ་ངེས་པའི་འགོག་སྙོམས་དང་གསུམ་ཡོད། - Support: Only exists in the continua of Aryas
རྟེན་གྱི་ཁྱད་པར་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད། - Mode of attainment: Mostly attained through for force of applying effort
ཐོབ་ཚུལ་གྱི་ཁྱད་པར་ཕལ་ཆེར་སྦྱོར་བ་འབད་རྩོལ་གྱི་སྟོབས་ཀྱིས་ཐོབ་པ་ཡིན་པའི་ཁྱད་པར་རྣམས་དང་ལྡན་པའི་ཕྱིར།
ཕལ་ཆེར་སྨོས་པ་ལ་དགོས་པ་ཡོད་དེ། ཐུབ་པ་ཆེན་པོའི་འགོག་སྙོམས་བྱང་ཆུབ་པ་ན་འབད་མེད་དུ་ཐོབ་པ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར།
In the last one, there is a purpose in saying "mostly" because it is in order for it to be understood that the absorption of cessation of the Great Muni is attained effortlessly when becoming enlightened.
འགོག་སྙོམས་དེ་འཕགས་ལམ་གྱིས་དང་པོར་ཐོབ་པ་མ་ཡིན་ཏེ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག །སྒོམ་ལམ་བར་ཆད་མེད་ལམ་དགུ ། རྣམ་གྲོལ་ལམ་དགུ་སྟེ། སུམ་བཅུ་རྩ་བཞི་ལ་བརྟེན་ནས་ཐོབ་པའི་ཕྱིར།
That absorption of cessation is not attained through that initial Arya path because it is attained in dependence upon the thirty-four: the sixteen instants of knowledge of forbearance, the nine uninterrupted paths and the nine liberated paths of the path of meditation.
The supports of the two absorptions
See also: Absorption of cessation (Madhyamaka) / Absorption of cessation (Perfection of Wisdom)
Up a level: Non-concomitant compositional factors